མཐའ་ཞུ་དང་འབྲེལ་བའི་དཔེ་དེབ་གསར་པ་གསུམ་གྱི་ངོ་སྤྲོད།
[ཟླ་ཚེས། 2020-12-27 10:42:51][རྩོམ་པ་པོ། ལུང་རིག་འཁོར་ལོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ད་ལམ་རུས་མཛོད་དེབ་ཐེར་ནག་པོ་དང་། མཐའ་ཞུ་བླ་རབས་ཀྱི་གསུང་འབུམ་དེབ་དང་པོ་དང་གཉིས་པ་བཅས་བླུ་ཉོ་དགོས་ན།
སྟེང་ཆེན་རྫོང་ཐོག་ཏུ་སྟེང་ཆེན་སློབ་ཆུང་གི་ཡར་ཙམ་གྱི་ལམ་ཁ་དབྲག་གི་ཉེ་ཟུར་སྟེང་ཆེན་དགོན་པའི་ཚོང་ཁང་དུ་ཡོད། མཐའ་ཞུ་བླ་རབས་ཀྱི་གསུང་འབུམ་སྟོད་སྨད་གཉིས་ལ་སྒོར་80དང་། རུས་མཛོད་དེབ་ཐེར་ནག་པོ་ལ་60།
སྦྲ་ཆེན་རྫོང་ཐོག་ཏུ། སྦྲ་ཆེན་མེ་གསོད་རུ་ཆེན་གྱི་ཁ་སྤྲོད། རྒྱ་སྐད་ལོ་མོ་ཧྲི་ཁྲོམ་དང་བོད་སྐད་ཞིང་ཚོང་ཁྲོམ་རའི་གཙུག་ཕུད་བློ་གྲོས་ཀྱི་ཚོང་ཁང་། སྒོ་ཡིག་དཔྱིད་འབྲུག་འདབ་རྒྱས་ཚོང་ཁང་ཟེར་བར་ཡོད། མཐའ་ཞུ་བླ་རབས་ཀྱི་གསུང་འབུམ་སྟོད་སྨད་གཉིས་ལ་སྒོར་80་དང་། རུས་མཛོད་དེབ་ཐེར་ནག་པོ་ལ་སྒོར་60 ་རེད། གཞན་ནག་ཆུའི་ནག་ལྷའི་དཔེ་ཁང་དང་། ལྷ་སའི་གངས་ལྗོངས་དཔེ་ཀློག་ཁང་། དགེ་ལེགས་དཔེ་ཁང་། དཔལ་བརྩེགས་དཔེ་ཁང་། ལྷ་རིག་དཔེ་ཁང་བཅས་སུ་ཡོད། དེ་མིན་ཤིན་ཧྭ་དཔེ་ཚོང་ཁང་ཁ་ཤས་ལ་ཡོད་འདུག་ཞུའོ། གནས་ཚུལ་དྲི་དགོས་ཚེ། ཁ་སྤར་༡༧༧༨༩༠༥༣༧༢༦སྐད་ཕྲིན། འདི་ལ་འབྲེལ་རོགས་ཞུ།
རུས་མཛོད་དེབ་ཐེར་ནག་པོ་འདི་ནི། དུས་རབས་བཅུ་གསུམ་པ་ཡན་གྱི། བོན་གྱི་ལོ་རྒྱུས་རྙིང་པ་ཁག་ལ་གཞིར་བྱས་ནས། བོན་ལུགས་ཀྱི་སྒོང་སྐྱེས་ལྟ་བའི་ཕྱི་སྣོད་དང་ནང་བཅུད་ཆགས་ཚུལ། ལྷ་ཀླུ་གནོད་སྦྱིན་སྤྲེའུ་བྲག་སྲིན་བཅས་ལས། འགྲོ་བ་མི་རིགས་བྱུང་ཚུལ། ཕྱྭ་དམུ་གཙུག་གསུམ་དང་། རུས་ཆེན་སྡེ་བཞི་སྟེ། ལྡོང་མེ་ཉག །དམུ་ཞང་ཞུང་། ཏོང་སུམ་པ། སེ་འ་ཞ་བཅས་ཀྱི་རུས་ཁུངས་དང་། རུས་ཚན་མཆེད་ཚུལ། དེ་དག་གནས་ཡུལ། དེ་ནས་མིའུ་ལྡོང་དྲུག་སྒོ་དང་བདུན་སྟེ། ཕུ་བོ་ལྡོང་། གཉན་ཚ་དབྲ་དང་འབྲི། དམུ་ཚ་སྒ། ནུ་བོ་སྲིན་ཚ་སྤ་སྡ་གཉིས། ཞང་པོ་སྒོ་བཅས་ཀྱི་རུས་ཁུངས་དང་། རུས་ཚན་མཆེད་ཚུལ། དེ་དག་གི་གནས་ཡུལ། དེ་དག་ལས་རྒྱ་བོད་ཧོར་གསུམ། སོག་པོ་འཇང་མོན་སོགས་ཀྱི་རུས་ཚན་མཆེད་ཚུལ་དང་། གནས་ཡུལ་བཅས་རགས་ཙམ་གླེང་ཡོད། དེ་དག་དང་འབྲེལ་ནས་དབང་མཛད་བཅུའི་རུས་ཁུངས་དང་རུས་ཚན་མཆེད་སའི་གནས་ཡུལ། རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཅུ་གསུམ་གྱི་གནས་ཡུལ་སྐོར། འཛམ་གླིང་འོལ་མོ་ལུང་རིང་ངོས་འཛིན་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་ལོ་རྒྱུས་ཟུར་ཙམ། དེའི་རྗེས་འཇུག་ཞང་ཞུང་སྙན་རྒྱུད་ཀྱི་བླ་རྒྱུད་དང་། མ་རྒྱུད་ཀྱི་བླ་རྒྱུད། སྤྱི་སྤུངས་སྐོར་གསུམ་གྱི་བླ་རྒྱུད་རྣམས་ཀྱི་ལོ་རྒྱུས་རགས་ཙམ་རེ་དང་སྒྲུབ་གནས་ངོས་འཛིན། བོད་ཀྱི་བཙན་པོའི་རྒྱལ་རབས་ལོ་རྒྱུས། ཞང་བོད་འདུལ་བའི་རྒྱུད་རིམ་བླ་མའི་ལོ་རྒྱུས། ཕྱི་དར་གཏེར་སྟོན་འགའི་བོན་གཏེར་ཇི་ལྟར་ཐོན་ཚུལ། གཤེན་དང་བྲུ་ཞུ་སྤ་རྨེའུ་སྨོན་རྒྱལ། ཁྱུང་པོ། མཐའ་བཞི། མེ། ཞང་ཞུང་། སུམ་པ། འ་ཞ། རྒྱ། ཞིག་པོ་དགུ་དང་ཞིག་ཆེན་བཅོ་བརྒྱད། འཕགས་གདུང་གསུམ་བཅས་ཀྱི་རུས་ཁུངས་དང་། ལོ་རྒྱུས་སོགས་རགས་ཙམ་གླེང་ཡོད། དེ་ནས་དེབ་ཐེར་འདི་དང་འབྲེལ་ཡོད་བསྟན་རྩིས་ལོ་ཚིགས་སྐོར་ལ། དང་པོ་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེ་མི་ལོ་དུ་ཙམ་བཞུགས་ཚུལ་དང་། དུས་ནམ་ཙམ་ནས་བྱོན་ཚུལ་བཅས་གླེང་ཡོད། དེ་ནས་སྟོན་པ་སངས་རྒྱས་ཀྱི་འཁྲུངས་འདས་ལོ་ཚིགས། བཞེད་པ་མི་འདྲ་བ་དུ་ཡོད་བཀོད་ཡོད། དེ་ནས་ཕྱིས་བྱོན་བླ་མ་རྣམས་ལས། འཁྲུངས་ལོ་རང་གི་ངེས་པ་གང་རྙེད་དཔྱད་གཞིར་བཀོད་ཡོད་པ་ལས། འཁྲུངས་འདས་ལོ་ཚིགས་དོགས་གཞི་ཅན་རྣམས། གནས་སྐབས་བཀོད་མེད། རུས་མཛོད་དེབ་ཐེར་ནག་པོ་ཞེས་བཏགས་དོན་ནི། རང་གི་སྐྱེ་སའི་ཕ་ཡུལ་ཁྱུང་པོ་ནག་རུ་དང་། ཕ་མྱེས་ཀྱི་ཡི་དམ་དབལ་ཕུར་ནག་པོ། སྲུང་མ་སྲིད་རྒྱལ་དྲེལ་ནག་བཅས་ཡིན་པ་དང་། ཕ་མེས་དུས་ནས་སྲུང་རྐུད་ནག་པོ་མདུད་པ་དགུ་ཅན་ལ། ཨྰོྃ་ཨ་བྷི་ཡ་ནག་པོ་རྦད་སོད་སྭ་ཧྰ་དང་། མ་ན་ཤ་པ་ཏ་གཉིས། འབུམ་བཅུ་རེའི་སྔགས་ནས། སྲུང་བྱ་ཡོན་བདག་ལ་བཏགས་ན། ཆུ་བདག་ནག་པོའི་གནོད་པ་སྲུང་ཐུབ་པར་བཤད་སྲོལ་ཡོད་པ་བཅས། རང་ཉིད་སྒེར་དང་འབྲེལ་ནས་བཏགས་པ་ཞིག་ཡིན།
ཞིབ་ཕྲ་ཤེས་འདོད་ན་དྲྭ་ཚིགས་འདིར་ཟླ་ཤས་གོང་ནས་ལེའུ་བཀོད་ཡོད་པའི་དེར་གཟིགས་འཐུས།
དེ་ཡང་མཐའ་ཞུ་བླ་རབས་ཀྱི་གསུང་འབུམ་དེབ་དང་པོ་དང་གཉིས་པའི་ནང་། གསོ་རིག་སྨན་གྱི་སྐོར་དང་། དྲི་ཞིམ་སྤོས་སྦྱོར་ཀྱི་སྐོར། ནད་འཇོམས་སྔགས་ཀྱི་སྐོར། གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་སྐོར། ལེགས་བཤད་ཀྱི་སྐོར། ལོ་རྒྱུས་ཀྱི་སྐོར། གནས་རིའི་དཀར་ཆགས་ཀྱི་སྐོར། དཔྱད་རྩོམ་སྐོར། ཁྱུང་རབས་སྐོར་སོགས་བཀོད་ཡོད་ལ། ཞིབ་ཕྲ་གཤམ་དུ་ལེའུ་ནང་བཀོད་ཡོད་པའི་དེར་གཟིག་རོགས་ཞུ།། མཐའ་ཞུ་བླ་རབས་ཀྱི་གསུང་འབུམ་དེབ་དང་པོ། ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས།
དབལ་ཁྱུང་རིགས་ལྔ་བཅུད་སྒྲིལ་གྱི་སྒྲུབ་གཞུང་། མཐའ་ཞུ་བླ་མ།
ཐོག་སྲུང་།
སེར་བ་སྲུང་བའི་གདམ་ངག
ཆར་གཅོད་རྫས་སྔགས།
འབུམ་བཞིའི་ཡང་སྙིང་གསོ་དཔྱད་ལག་ལེན་སྐོར། མཐའ་ཞུ་བླ་མ།
གཅིག་སྤྱིར་རྒྱུག་ནད་བརྒྱ་སྨན་གཅིག་གི་སྐོར།
གཉིས་ཁ་འཛིན་སྨན་གྱི་སྐོར།
གསུམ་ཁ་ཚར་སྨན་རིགས་སྐོར།
བཞི་ནད་རིགས་རགས་ཙམ་བརྟག་ཐབས་སྐོར།
༡ ཆུ་ལ་བརྟག་པ།
༢ འཁྲུ་བ་བརྟག་པ།
ལྔ་བྱེ་བྲག་ནད་རིགས་སོ་སོའི་གསོ་བཅོས་སྐོར།
༡ རླུང་ནད་བཅོས་ཐབས།
༢ མཁྲིས་ནད་བཅོས་ཐབས།
༣ བད་ཀན་བཅོས་ཐབས་བད་ནད་རྟགས།
༤ བད་སྨུག་བཅོས་ཐབས།
༥ གླང་ཐབ་བཅོས་ཐབས།
༦ དམུ་རྫིང་བཅོས་ཐབས།
༧ སྐྲན་ནད་བཅོས་ཐབས།
༨ ཉན་རིམས་བཅོས་ཐབས།
༩ འབམ་ནད་བཅོས་ཐབས།
༡༠ དྲེག་གྲུམ་ཆུ་སེར་བཅོས་ཐབས།
༡༡ སྲིན་ནད་ཡ་མ་བཅོས་ཐབས།
༡༢ རིམས་ནད་བཅོས་ཐབས
༡༣ དམར་བཤལ་བཅོས་ཐབས།
༡༤ འབྲུམ་བུ་བཅོས་ཐབས། འབྲུམ་བུ་བཅོས་ཐབས་ནད་རྟགས་ལ།
༡༥ རིམས་ནད་བེ་གེ་བཅོས་ཐབས།
༡༦ གྲེ་སྲིན་བཅོས་ཐབས།
༡༧ ལྷོག་པ་བཅོས་ཐབས།
༡༨ གཉན་ནད་སྤྱིར་བཅོས་ཐབས།
༡༩ གཉན་ནད་འཇམ་པོས་བཅོས་ཐབས།
༢༠ གཉན་ནད་དྲག་པོས་བཅོས་ཐབས།
༢༡ སྦྱར་དུག་བཅོས་ཐབས།
༢༢ ཟས་དུག་བཅོས་ཐབས། ཟས་དུག་བཅོས་ཐབས་ནད་རྟགས་ལ།
༢༣ མོ་ནད་བཅོས་ཐབས།
༢༤ བྱིས་ནད་བཅོས་ཐབས་ནད་རྟགས་ལ།
༢༥ མགོ་གཟེར་བཅོས་ཐབས།
༢༦ སྙིང་གཟེར་བརྒྱལ་ནད་བཅོས་ཐབས་ལ།
༢༧ གློ་ཚད་གཟེར་ཐུང་བཅོས་ཐབས།
༢༨ མཆིན་ཚད་བཅོས་ཐབས།
༢༩ མཁལ་ཚད་བཅོས་ཐབས།
༣༠ མཁལ་གྲང་བཅོས་ཐབས།
༣༡ མཁྲིས་ནད་གཤའ་ཡ་བཅོས་ཐབས་ལ།
༣༢ མཚེར་ནད་བཅོས་ཐབས།
༣༣ གཉན་རམས་བགོ་བའི་ཡམས་ནད་བཅོས་ཐབས།
༣༤ རྒྱུ་ལོང་བཅོས་ཐབས།
༣༥ ཕོ་ནད་བཅོས་ཐབས།
༣༦ མ་ཞི་ཕོ་ནད།
༣༧ བསམ་སེའུ་བཅོས་ཐབས།
༣༨ མཛེ་ནད་བཅོས་ཐབས།
༣༩ བརྡབ་སྐྱོན་མགོ་ནད་བཅོས་ཐབས།
༤༠ ཚ་གྲང་ནད་རིགས་སྤྱིར་བཅོས་ཐབས།
༤༡ བགོས་ནད་ཡམས་རིམས་འགོག་སྲུང་གི་སྨན་སྦྱོར།
༤༢ མོ་འདྲེ་ཀླུ་བཙན་གདོན་སྲུང་སྐོར།
དྲུག། མིད་འབྱར་ནད་རིགས་བཅོ་བརྒྱད་བཅོས་ཐབས་སྐོར།
༡ གྲེ་ཐོག་ནད་རྟགས་སྐོར།
༢ བད་ཀན་སྤུ་ཐོག་ནད་རྟགས་སྐོར།
༣ བད་ཀན་གྲེ་འབྱར་ནད་རྟགས།་སྐོར།
༤ བད་ཀན་ཕོ་ཐོག་ནད་རྟགས་སྐོར།
༥ བད་ཀན་ཚ་འགགས་བཅོས་ཐབས།
༦ བད་ཀན་གྲང་འགགས་བཅོས་ཐབས།
༧ མིད་འབྱར་ཕོ་ཐོག་བཅོས་ཐབས།
༨ ཡང་བད་ཀན་བཅོས་ཐབས་གཅིག་ལ།
༩ ཡང་བད་ཀན་མིད་དཀྱུས་བཅོས་ཐབས་གཅིག་ལ།
༡༠ ཡང་བད་ཀན་མིད་དཀྱུས་བཅོས་ཐབས་ཤིག་ལ།
༡༡ ཡང་བད་ཀན་མིད་དཀྱུས་བཅོས་ཐབས་ཤིག་ལ།
བདུན། དྲི་བཟང་རིགས་ལྔའི་སྤོས་སྦྱོར།
བརྒྱད། རིམ་སྲུང་ནག་པོ་དགུ་སྦྱོར།
དགུ ། ལྷ་ལྔའི་སྙིང་པོ་ནད་བརྒྱ་སྔགས་གཅིག་བཞུགས།
ཞང་ཞུང་གི་ཇུ་ཐིག མཛད་པ་པོ་མི་གསལ།
ཇུ་ཐིག་གི་མོ་འདེབས་ཚུལ་སྐོར།
མི་རབས་རྩ་འཛིན། མཛད་པ་པོ་མི་གསལ།
མི་རབས་ཀྱི་ལོ་རྒྱུས་ཆེན་མོ་སེམས་ཅན་གྱི་ཁོག་པ།
མི་རབས་ཀྱི་ལོ་རྒྱུས་ཆེན་མོ་མགོ་ཟླུམ་དས་ཆད།
མི་རབས་ཀྱི་ལོ་རྒྱུས་ཆེན་མོ་མི་རབས་ཤིང་རྩ།
མི་རབས་ཀྱི་ལོ་རྒྱུས་ཆེན་མོ་སྟོང་སྡེ་མིའུ་བྱུང་སྲིད།
ལྡོང་ལས་ཆད་པ་བརྒྱད་བྱུང་བ།
སེ་ལ་སེ་དང་འ་ཞའི་སྐོར།
སྟོང་དང་སུམ་པའི་སྐོར།
སྟག་གཟིག་གི་མི་རིགས་སྐོར།
གེ་སར་མི་རིགས་སྐོར།
བོད་མི་རིགས་ཀྱི་སྐོར།
མེ་ཉག་གི་སྐོར།
སྟོང་གི་སྐོར།
སུམ་པའི་སྐོར།
རྨུའི་སྐོར།
ཞང་ཞུང་གི་སྐོར།
གདུང་རབས་པདྨ་དཀར་པོའི་འཕྲེང་བ།
བར་སྲིད་པ་ལྟོ་སྦྱོར། སྟོད་གནམ་ས་ཁ་སྦྱོར་ལུགས་ཀྱི་ས་རིས་དང་ས་བྱད་སྐོར།
རྩ་དཀར་བུ་ཡི་སྲིད་འཁོར་ལོ་བཞུགས། མཐའ་ཞུ་རས་ཐུལ།
སྲིད་སྲུང་འཁོར་ལོ་རྩ་དཀར་བུ་ཡི་དངོས་གྲུབ་ཀུན་འབྱུང་། མཐའ་ཞུ་ས་ཐུལ།
མ་རྒྱུད་ཀྱི་གནས་ཆེན་སྤུ་རྒྱལ་གྱི་ཡིན་ཚུལ་མདོར་བསྡུས། མཐའ་ཞུ་རས་ཐུལ།
དབུས་ཕྱོགས་ལྷ་རྩེ་ཡི་དམ་གསང་མཆོག་གནས།
ཤར་ཕྱོགས་ཅོང་རིའི་བྲག་དང་སྒམ་བྲག་དཀར།
བྱང་ཕྱོགས་ཤེལ་བྲག་ལྷ་རི་དབལ་བྲག་དང་།
ནུབ་ཕྱོགས་གར་བྲག་དུག་རི་རོམ་བྲག་དཀར།
ལྷོ་ཕྱོགས་ཡོལ་རི་སྤུ་མཚོ་ཟླའི་བྲག་དཀར།
མཐའ་ཞུའི་གདུང་རབས་རྣམ་ཐར་ནོར་བུའི་དོ་ཤལ། མཐའ་ཞུ་བདུད་འདུལ་སྤྲུལ་སྐུ།
གསེར་སྐྱིམ་ནོར་བུའི་གཏེར་འཕྲིང་། མཐའ་ཞུ་བདུད་འདུལ་སྤྲུལ་སྐུ།
ཐེག་པ་རིམ་དགུའི་རྣམ་བཤད། མཐའ་ཞུ་པད་མ་ཀུན་ལེགས།
ལེའུ་དང་པོ། གཡུང་དྲུང་བོན་ལ་ཞུགས་པར་བསྐུལ་བ།
གཅིག འགྲོ་བ་མིའི་སྡུག་བསྔལ་སྤྱིར་བསྟན་པ།
དང་པོ། སྐྱེ་བའི་སྡུག་བསྔལ།
གཉིས་པ། རྒས་པའི་སྡུག་བསྔལ།
གསུམ་པ། ན་བའི་སྡུག་བསྔལ།
བཞི་པ། འཆི་བའི་སྡུག་བསྔལ།
ལྔ་པ། མེད་པ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ།
དྲུག་པ། ཡོད་པ་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ།
བདུན་པ། གཉེན་དང་བྲལ་དོགས་ཀྱི་སྡུག་བསྔལ།
བརྒྱད་པ། དགྲ་དང་འཕྲད་དོགས་ཀྱི་སྡུག་བསྔལ།
དགུ་པ། འཁོར་བ་ལས་ཐར་ཆེད་ཐར་ལམ་ལ་ཞུགས་དགོས་ཚུལ་བསྟན་པ།
ལེའུ་གཉིས་པ། ཕྱྭ་གཤེན་ཐེག་པ།
གླེང་གཞི།
ས་བཅད་དང་པོ། མོའི་སྐོར།
ས་བཅད་གཉིས་པ། རྩིས་ཀྱི་སྐོར།
ས་བཅད་གསུམ་པ། གཏོའི་སྐོར།
ས་བཅད་བཞི་པ། དཔྱད་ཀྱི་སྐོར།
ས་བཅད་ལྔ་པ། སྤྱོད་པའི་ལས།
དང་པོ། ཕྱྭ་གཤེན་པའི་སྤངས་བྱ་བདུད་ཀྱི་ལས་སྤྱོད།
གཉིས་པ། ཕྱྭ་གཤེན་པའི་སྤྱད་བྱ་གཤེན་གྱི་ལས་སྤྱོད།
ས་བཅད་དྲུག་པ། བསྲུང་བའི་དམ་ཚིག
ས་བཅད་བདུན་པ། རྟོགས་པའི་ལྟ་བ།
ས་བཅད་བརྒྱད་པ། ཕྱྭ་གཤེན་པ་ལྟ་བ་ལ་བཟླ་དགོས་པར་གདམས་པ།
ལེའུ་གསུམ་པ། སྣང་གཤེན་ཐེག་པ།
གླེང་གཞི།
ས་བཅད་དང་པོ་གྱེར་སྒོ་བཞི།
ཚན་པ་དང་པོ། ལྷ་གསས་མཆོད་པའི་སྒོ།
དང་པོ། དབྱིངས་ཀྱི་ལྷ་ཚོགས་ཚོགས་ཀྱི་འཁོར་ལོས་མཆོད་པ།
གཉིས་པ། མཁའ་ཡི་དབལ་མོ་མདོས་ཀྱིས་བསྐང་བ་ལ།
གསུམ་པ། ཀློང་གི་དམ་ཅན་རྟེན་གྱི་རྫས་ལ་བརྟེན་པ།
བཞི་པ། ས་བདག་ཀླུ་གཉན་གཏོ་ཡིས་བཅོས་པ།
ཚན་པ་གཉིས་པ། སེལ་དང་ཁྲུས་ཀྱི་སྒོ།
དང་པོ། སེལ་ལ་གྱེས་སྒོ་བཅུ་གཉིས་བསྟན་པ།
༡ རྩ་དཀར་འཕེལ་བའི་ཡར་སེལ་བཞི།
༢ རྩ་ནག་འགྲིབ་པའི་མར་སེལ་བཞི།
༣ མཉམ་གཉིས་བསོར་བའི་བར་སེལ་བཞི།
གཉིས་པ། ཐུགས་དཀར་ལྷ་དང་གཉན་དམག་གི་སྐོར།
གསུམ་པ། སྒྲ་བླ་ཝེར་མ་ཅང་སེང་ཤུགས་མགོན་བཅས་ཀྱི་སྐོར།
༡ དགྲ་བླ།
༢ ཝེར་མའི་དཔའ་ཁྲོམ།
༣ ཅང་སེང་གཉན།
༤ ཤུགས་མགོན་རྗིའུ་བཅུ་གསུམ།
བཞི་པ། སྲིད་པ་མིའུ་རྒྱུད་གཞུང་།
ཚན་པ་གསུམ་པ། ཐར་དང་གླུད་ཀྱི་སྒོ།
དང་པོ། ཐར་གྱི་སྐོར།
གཉིས་པ། གླུད་ཀྱི་སྐོར།
༡ ཕོ་གླུད།
༢་མོ་གླུད
༣ ཆུང་གླུད།
༤ ཕར་གཏོང་སྤྱི་ཡི་གླུད་སྒོ།
ཚན་པ་བཞི་པ། ཕྱྭ་གཡང་གཉན་གྱི་སྒོ།
དང་པོ། ཕྱྭ་དང་གཡང་གི་སྒོ་ལ།
༡ གསོན་ཕྱྭའི་སྐོར།
༢ གཤིན་ཕྱྭའི་སྐོར།
གཉིས་པ་གཉན་པོ་སྤྱིའི་སྐོར།
ས་བཅད་གཉིས་པ། སྐད་གཅོང་དགུའི་སྐོར།
ས་བཅད་གསུམ་པ། གཏང་རག་བཞི་བཅུ་རྩ་གཉིས་སྐོར།
ས་བཅད་བཞི་པ། སྣང་གཤེན་པའི་སྤྱོད་པའི་ལས།
དང་པོ། སྣང་གཤེན་པའི་སྤངས་བྱ་བདུད་ཀྱི་ལས་སྤྱོད།
གཉིས་པ། སྣང་གཤེན་པའི་སྤྱད་བྱ་གཤེན་གྱི་ལས་སྤྱོད།
ས་བཅད་ལྔ་པ། བསྲུང་བའི་དམ་ཚིག
ས་བཅད་དྲུག་པ། རྟོགས་པའི་ལྟ་བ།
ས་བཅད་བདུན་པ། སྣང་གཤེན་པ་ལྟ་བ་ལ་བཟླ་དགོས་པར་གདམས་པ།
ལེའུ་བཞི་པ། འཕྲུལ་གཤེན་ཐེག་པ།་
གླེང་གཞི།
ས་བཅད་དང་པོ། བསྙེན་པའི་སྐོར།
ས་བཅད་གཉིས་པ། བསྒྲུབ་པའི་སྐོར།
ས་བཅད་གསུམ་པ། ལས་སྦྱོར་སྐོར།
ས་བཅད་བཞི་པ། སྤྱོད་པའི་ལས།
དང་པོ། འཕྲུལ་གཤེན་པའི་སྤངས་བྱ་བདུད་ཀྱི་ལས་སྤྱོད།
གཉིས་པ། འཕྲུལ་གཤེན་པའི་སྤྱད་བྱ་གཤེན་གྱི་ལས་སྤྱོད།
ས་བཅད་ལྔ་པ། བསྲུང་བའི་དམ་ཚིག
ས་བཅད་དྲུག་པ། རྟོགས་པའི་ལྟ་བ།
ས་བཅད་བདུན་པ། འཕྲུལ་གཤེན་པ་ལྟ་བ་ལ་བཟླ་དགོས་པར་གདམས་པ།
ལེའུ་ལྔ་པ། སྲིད་གཤེན་ཐེག་པ།
གླེང་གཞི།
ས་བཅད་དང་པོ། ཤི་ཐབས་ཀྱི་སྐོར།
ས་བཅད་གཉིས་པ། འདུར་ཐབས་ཀྱི་སྐོར།
ས་བཅད་གསུམ་པ། སྤྱོད་པའི་ལས།
དང་པོ། སྲིད་གཤེན་པའི་སྤངས་བྱ་བདུད་ཀྱི་ལས་སྤྱོད།
གཉིས་པ། སྲིད་གཤེན་པའི་སྤྱད་བྱ་གཤེན་གྱི་ལས་སྤྱོད།
ས་བཅད་བཞི་པ། བསྲུང་བའི་དམ་ཚིག
ས་བཅད་ལྔ་པ། རྟོགས་པའི་ལྟ་བ།
ས་བཅད་དྲུག་པ། སྲིད་གཤེན་པ་ལྟ་བ་ལ་བཟླ་དགོས་པར་གདམས་པ།
ལེའུ་དྲུག་པ། དགེ་བསྙེན་ཐེག་པ།
ས་བཅད་དང་པོ། དགེ་བསྙེན་ལ་འཇུག་པའི་སྒོ།
ས་བཅད་གཉིས་པ། དགེ་བསྙེན་པའི་སྤྱོད་པའི་ལས།
ས་བཅད་གསུམ་པ། དགེ་བསྙེན་པའི་བསྲུང་བའི་དམ་ཚིག
ས་བཅད་བཞི་པ། དགེ་བསྙེན་པའི་རྟོགས་པའི་ལྟ་བ།
ས་བཅད་ལྔ་པ། གྲུབ་པའི་འབྲས་བུ་དང་དགེ་བསྙེན་པས་ལྟ་བ་ལ་བཟླ་དགོས་ཚུལ།
ལེའུ་བདུན་པ་དྲང་སྲོང་ཐེག་པ།
ས་བཅད་དང་པོ། དྲང་སྲོང་བ་འཇུག་པའི་སྒོ།
ས་བཅད་གཉིས་པ། དྲང་སྲོང་བའི་སྤྱོད་པའི་ལས།
ས་བཅད་གསུམ་པ། དྲང་སྲོང་པའི་བསྲུང་བའི་དམ་ཚིག
ས་བཅད་བཞི་པ། དྲང་སྲོང་བའི་རྟོགས་པའི་ལྟ་བ།
ས་བཅད་ལྔ་པ། གྲུབ་པའི་འབྲས་བུ་དང་དྲང་སྲོང་བ་ལྟ་བ་ལ་བཟླ་དགོས་ཚུལ།
ས་བཅད་དྲུག་པ། དགེ་དྲང་གཉིས་ཕྱི་མཚན་ཉིད་པའི་ཐེག་པ་ཡིན་ཚུལ།
ལེའུ་བརྒྱད་པ། ཨ་དཀར་ཐེག་པ།
ས་བཅད་དང་པོ། ཨ་དཀར་བ་འཇུག་པའི་སྒོ།
ས་བཅད་གཉིས་པ། ཨ་དཀར་བའི་སྤྱོད་པའི་ལས།
ས་བཅད་གསུམ་པ། ཨ་དཀར་བའི་བསྲུང་བའི་དམ་ཚིག
ས་བཅད་བཞི་པ། ཨ་དཀར་བའི་རྟོགས་པའི་ལྟ་བ།
ས་བཅད་ལྔ་པ། གྲུབ་པའི་འབྲས་བུ་དང་ཨ་དཀར་བ་ལྟ་བ་ལ་བཟླ་དགོས་ཚུལ།
ལེའུ་དགུ་པ། ཡེ་གཤེན་ཐེག་པ།
ས་བཅད་དང་པོ། ཡེ་གཤེན་ལ་འཇུག་པའི་སྒོ
ས་བཅད་གཉིས་པ། ཡེ་གཤེན་པའི་སྤྱོད་པའི་ལས།
ས་བཅད་གསུམ་པ། ཡེ་གཤེན་པའི་བསྲུང་བའི་དམ་ཚིག
ས་བཅད་བཞི་པ། ཡེ་གཤེན་པའི་རྟོགས་པའི་ལྟ་བ།
ས་བཅད་ལྔ་པ། གྲུབ་པའི་འབྲས་བུ་དང་ཡེ་གཤེན་པ་ལྟ་བ་ལ་བཟླ་དགོས་པ་ཚུལ།
ས་བཅད་དྲུག་པ། ཨ་ཡེ་གཉིས་ཐབས་ཤེས་ཀྱི་ཐེག་པ་ཡིན་ཚུལ།
ལེའུ་བཅུ་པ། བླ་མེད་ཐེག་པ།
ས་བཅད་དང་པོ། བླ་མེད་པ་འཇུག་པའི་སྒོ།
ས་བཅད་གཉིས་པ། བླ་མེད་པའི་སྤྱོད་པའི་ལས།
ས་བཅད་གསུམ་པ། བླ་མེད་པའི་བསྲུང་བའི་དམ་ཚིག
ས་བཅད་བཞི་པ། བླ་མེད་པའི་རྟོགས་པའི་ལྟ་བ།
ས་བཅད་ལྔ་པ། གྲུབ་པའི་འབྲས་བུ།
འདུར་གྱི་ཁྲིད་རིམ་སྲིད་གཤེན་ཐེག་པ་གསལ་བའི་སྒྲོན་མེ། མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས།
འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་སྐོར།
བོན་གྱི་གྲུབ་མཐའི་སྐོར།་ས་བཅུ་ལམ་ལྔའི་སྐོར།
ལ་བཙས་གསས་མཁར་བསྟོད་པའི་ཁ་སྨོན་བསམ་དོན་མྱུར་འགྲུབ་མ།
སྒྲ་བླ་བསྟོད་གསོལ།
མཐའ་ཞུ་རི་ཁྲོད་པ་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་མཆོག་གི་རྣམ་ཐར་ཨུ་དུམ་ཝ་ར། རྩེ་དྲུག་དགེ་བཤེས་ཕུན་ཚོགས་དབང་འདུས།
མཐའ་ཞུ་རི་ཁྲོད་པ་ཚུལ་ཁྲིམས་ཡེ་ཤེས་ཀྱི་རྣམ་ཐར་རིན་ཆེན་ནོར་བུ་འོད་འབར།
མ་ཌལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས། ཞུ་འོད་ཟེར་མཐར་རྒྱས།
ཟླ་དགོན་རི་ཁྲོད་ཀྱི་ལོ་རྒྱུས།
གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ཀྱི་ལོ་རྒྱུས་བཞུགས།་
ཚེ་འབུམ་རྫོང་ཁྲོད་ཀྱི་ལོ་རྒྱུས་བཞུགས།
ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས་རགས་བསྡུས་ལུང་གི་སྙིང་པོ་བཞུགས།
གཤེན་གཏེར་ཐོན་ཡུལ་གྱི་ས་གནས་སྐོར་ལ་ཅུང་ཙམ་དཔྱད་པ།
ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་སྐོར་ལ་ཟུར་ཙམ་དཔྱད་པ།
རྗེ་མཉམ་མེད་པའི་རྣམ་ཐར་ལ་ཟུར་ཙམ་དཔྱད་པ།
གླེང་གཞི།
དང་པོ་མཉམ་མེད་པ་སྐུ་འཁྲུངས་དུས་ལ་དཔྱད་པ།
གཉིས་པ་བོན་སྒོར་ཞུགས་དུས་ལ་དཔྱད་པ།
གསུམ་པ་མདོ་སྨད་ནས་སྟོད་ཕྱོགས་སུ་བྱོན་དུས་ལ་དཔྱད་པ།
བཞི་པ་ཙོང་ཁ་པ་དང་མཇལ་འཕྲད་བྱུང་མྱོང་ཡོད་མེད་ལ་དཔྱད་པ།
ལྔ་པ་གྲྭ་ས་གཡས་རུ་དབེན་ས་ཁར་བསྒྲིགས་ལ་ཞུགས་དུས་ལ་དཔྱད་པ།
དྲུག་པ་དྲང་སྲོང་ཁྲིམས་ཆེན་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་དུས་ལ་དཔྱད་པ།
བདུན་པ་རོང་སྟོན་མཇལ་དུས་ལ་དཔྱད་པ།
ཞོར་དུ་རོང་སྟོན་པའི་སྐོར་ཟུར་ཙམ་གླེང་བ།
བརྒྱད་པ་གདན་ས་སྨན་རི་ཕྱག་བཏབ་དུས་ལ་དཔྱད།
༡ སྡེ་པ་རིན་སྤུངས་པའི་སྐོར།
༢ སྨན་རི་དངོས་སུ་ཕྱག་བཏབ་དུས་སྐོར།
དགུ་པ་མཉམ་མེད་པ་སྐུ་གཤེགས་དུས་ལ་དཔྱད་པ།
དགུ་པ་མཉམ་མེད་པ་སྐུ་གཤེགས་དུས་ལ་དཔྱད་པ།
མཉམ་མེད་རྣམ་ཐར་མ་དཔེ་ཁག་གཅིག་ལ་དཔེ་བསྡུར་བྱས་འབྲས་སྐོར།
ཁྱུང་པོ་སྟག་སླག་ཅན་གྱི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ།
ལོ་ཁྲིའི་གོང་གི་བྲག་རྐོས་གཡུང་དྲུང་རི་མོའི་སྐོར།
གཤེན་རབ་མི་བོའི་སྐོར་གྱི་དྲིས་ལན།
སྲིད་པའི་བརྡ་དར་ཆེན་མོའི་མཚོན་དོན་ལ་དཔྱད་པ།
མ་རྒྱུད་ཡེ་གཤེན་ཆེན་པོའི་རྒྱུད་དུ་འཐད་མིན་སྐོར་ཟུར་ཙམ་གླེང་བ།
ཚད་གསུམ་ཟུང་འབྲེལ་དང་ཚད་མ་དྲུག་གི་སྐོར་དྲིས་ལན།
ཞི་ཁྲོའི་ལྷ་ཚོགས་ཀྱི་ལྷ་གྲངས་ངོས་འཛིན་སྟང་སྐོར།
ཕྲུ་གུར་འདོན་ཀློག་སློབ་ཐབས་སྐོར།
མཐའ་ཞུ་བླ་རབས་ཀྱི་སྲུང་མདུད་སྔགས་ལུགས་སྐོར་གྱི་ཞལ་ཤེས།
ཞུ་ཚང་གི་སྔགས་པའི་ཐང་ཞུ་དང་ཐང་བེར།
གསོན་རིམ་གཤིན་དགེ་སྒྲུབ་ཚུལ་མེས་པོའི་ཤུལ་བཞག་བཞུགས།
དང་པོ་གསོན་པོའི་སྐུ་རིམ་སྐོར།
གཅིག་སྒེར་གྱི་རིམ་འགྲོའི་སྐོར།
༡ རི་བསྟོད་སྲོལ་སྐོར།
༢ གཡང་སྒྲུབ་དང་ཀླུ་མཆོད་འབུལ་སྲོལ་སྐོར།
༣ སྟོན་འབུམ་ཀློག་སྲོལ་སྐོར།
༤ སྟོན་རིམ་བཅའ་འདོན་བྱེད་སྲོལ་སྐོར།
༥ ལོ་གཉིས་བར་གྱི་ལྐག་བཟློག
གཉིས་པ་གཤིན་པོའི་དགེ་རྩ།
གླེང་གཞི།
གཤིན་དགེ་དང་པོ་ཞེ་དགུ།
གཤིན་དགེ་གཉིས་པ་གཤེད་འདུར།
གཤིན་དགེ་གསུམ་པ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་བླུག་སྲོལ།
གཤིན་དགེ་བཞི་པ་ཞི་ཁྲོ་མར་མེ།
འདུར་ཁྲིད་སྐོར་ལས་ཞལ་ཤེས་འགའ་ཞིག།
དང་པོ་བྱང་ཁྲིད་ཞལ་ཤེས།
གཉིས་པ་འདུར་ཁྲིད་ལས་བླ་ཡིད་སེམས་གསུམ་ངོས་འཛིན་ཞལ་ཤེས།
གསུམ་ཚེ་འདས་ཀྱི་རྣམ་ཤེས་སྤར་ཚུལ།
བཞི་གསང་སྔགས་ལུགས་ཀྱི་བླ་ཚེ་དངོས་འཛིན་ཚུལ་དང་གཤེད་ཀྱི་བླ་ཡིད་སྤར་ཚུལ།
ལྔ་ལིང་གའི་བླ་དགས་བཀོད་ལུགས་ཞལ་ཤེས།
༡ དངོས་ཡོད་དགྲ་བོའི་ཚ་དགས་བཀོད་ཚུལ།
༢ དངོས་མེད་བགེགས་ཀྱི་ལིང་གའི་བླ་དགས་ལ་བཀོད་ཚུལ།
ཤིང་བྱང་གི་ཁུག་རྟགས་དང་སྦྱར་བའི་མོ་ལུང་།
ལོ་རྒྱུས་ཐོག་གི་མི་སྣ་དང་ལོ་རྒྱུས་སྐོར་གྱི་སྙན་རྩོམ།
བཀྲ་ཤིས་བདེ་ལེགས་ཀྱི་ཚིག་འགྲེལ།
མཐའ་ཞུ་བླ་རབས་ཀྱི་གསུང་འབུམ་དེབ་གཉིས་པ། ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས།
བསེ་ཁྱུང་དབྲ་ཡི་སྐོར་གླེང་བ་གཟི་མིག་གསུམ་པ་ཞེས་བྱ་བ། འོད་ཟེར་མཐར་རྒྱས།
ལུགས་གཉིས་ཀྱི་ཕུགས་འདུན་སྒྲུབ་ཚུལ་ཟུར་ཙམ་གླེང་བ།
ཕུགས་འདུན་ལེགས་གྲུབ་སྐོར་གྱི་ལེགས་བཤད་འགའ་ཀློག་དུས་ཀྱི་ཟིན་ཐོ།
མི་ཆོས་ཀྱི་རིག་པའི་གཞུང་ལུགས་སྐོར་གླེང་བ།
གཤེན་རབ་དུས་ནམ་ཙམ་བྱོན་ནམ་ཟེར་བའི་དྲིས་ལན།
འོལ་མོ་ལུང་རིང་སྐོར་གླེང་བ།
བོན་དཔེ་བཀའ་གཏེར་སྙན་གསུམ་སྐོར་ཅུང་ཙམ་གླེང་བ།
བོད་པས་དམར་མཆོད་འབུལ་སྲོལ་ཡོད་མེད་སྐོར་ནས་ཅུང་གླེང་བ།
འཕྲུལ་ཡིག་བཞི་བཅུའི་བྱུང་རིམ་དང་སུག་བུ་ཆུང་གི་སྐོར་དཔྱད་གླེང་།
༡ འཕྲུལ་ཡིག་བཞི་བཅུའི་བྱུང་རིམ་སྐོར།
༢ སུག་བུ་ཆུང་གི་སྐོར།
བོད་ཡིག་དུས་ནམ་ཙམ་ནས་བྱུང་བ་ཅུང་གླེང་བ།
ལོ་བཞི་སྟོང་གོང་གི་བོད་ཡིག་རྙེད་ཅེས་པའི་སྐོར་གྱི་དྲིས་ལན།