དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་དང་སྨན་ནུས་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ་པར་དུ་བསྐྲུན་པ།

[ཟླ་ཚེས། 2020-03-30 13:57:58][རྩོམ་པ་པོ། ནོར་བུ་བཀྲ་ཤིས་ཀྱིས་གཙོ་སྒྲིག་བྱས།][རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།][ཀློག་གྲངས། ]

   ཀུན་གྱིས་མཁྱེན་གསལ་ལྟར། བོད་མདོ་དབུས་མཐོ་སྒང་རང་ས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་གྱི་རིག་གནས་དང་ཆོས་ལུགས་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། སྙན་པའི་གྲགས་པ་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པའི་བོད་ཀྱི་གསོ་བ་རིག་པ་ནི་བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་སྨན་བཅོས་ལག་ལེན་ཁྲོད་ཀྱི་གསོ་རིག་ཉམས་མྱོང་ཕྱོགས་སྡོམ་དང་ས་ཁུལ་གཞན་དང་མི་རིགས་གཞན་གྱི་གསོ་རིག་ཉམས་མྱོང་དག་དཔྱད་གཞིར་བྱས་ནས་བྱུང་བ་ཞིག་ཡིན། ཉེ་ལམ་བོད་ལྗོངས་ཀྱི་རྩོམ་སྒྲིག་པ་རྒན་རབས་ནོར་བུ་བཀྲ་ཤིས་ལགས་ནས་གཙོ་སྒྲིག་མཛད་པའི་བོན་གྱི་གསོ་རིག་དཔེ་རྙིང་གཅེས་བཏུས་དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་དང་སྨན་ནུས་ངོས་འཛིན་ཀུན་གསལ་ཉི་མའི་དབང་བོཞེས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་འདིར་མ་དཔེ་ཚང་མ་ལག་བྲིས་ཡིན་པའི་སྟོན་པ་གཤེན་རབ་ཀྱིས་གསུངས་ཤིང་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པའི་དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུངདང་། གཡུང་དྲུང་ཉི་མའི་རྒྱལ་བོས་མཛད་པའི་གསོ་རིག་གི་མན་ངག་སྨན་ནུས་ཀྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་བོཞེས་པ་གཉིས་བསྡུ་བསྒྲིགས་བྱས་ཡོད་པས། བོད་ཀྱི་གསོ་རིག་གི་ལས་ཀ་གཉེར་མཁན་དང་ཞིབ་འཇུག་པ་རྣམས་ལ་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་དོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།