«སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས»(ཁག་གསུམ་པ)པར་སྐྲུན་ལེགས་གྲུབ་བྱུང་།

[ཟླ་ཚེས། 2017-12-29 10:05:52][རྩོམ་པ་པོ། ཁྱུང་གསེར་ཞུན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 微信图片_20171228125943.jpg

«དཔྱད་གླེང་ཕྲ་མཐོང་ཆེ་ཤེལ།» རྩོམ་པ་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

微信图片_20171222161548.jpg

«བརྡ་འགྲེལ་བློ་གསར་འཇུག་པའི་ལམ་བཟང་།» རྩོམ་སྒྲིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

微信图片_20171228122245907.jpg

«རྟེན་འབྲེལ་གྱི་རྣམ་བཤད་གཅེས་བཏུས།» སྒྲིག་པ་པོ་འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས།

微信图片_20171228111107.jpg

«ཟླ་ཆུ་སྔོན་མོ།» རྩོམ་པ་པོ་འབྲིང་རྒྱུད་པ།

微信图片_20171228125955.jpg

«བོད་སྐད།» རྩོམ་པ་པོ་སྙུག་ལྕེའམ་ཀུན་དགའ་ཚུལ་ཁྲིམས།

微信图片_20171228125950.jpg

«གཤེན་གླུ།» རྩོམ་པ་པོ་གཤེན་སྨྱུག་གམ་ཡེ་ཤེས་རང་ཤར།

«སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས»(ཁག་གསུམ་པ)དངོས་སུ་པར་སྐྲུན་ལེགས་གྲུབ་བྱུང་།

༧ ཤེས་རབ་སྲེག་ཟ་འབར་བའི་འོད་རླབས་དང་། །

བརྩོན་པའི་དལ་འབབ་ཡུན་དུ་བསགས་པའི་འབྲས། །

རྨད་བྱུང་མཁས་པའི་བྱ་བ་རྣམ་གསུམ་ལས། །

ཁྱད་འཕགས་རྩོམ་པའི་དེབ་ཕྲེང་ཚར་དུ་དངར། །

       དེ་ལྟར་ཡང་ཁམས་ཁྱུང་སྟོད་ནོར་བུའི་ས་ཆ། གནས་ཆེན་པོ་སྤུ་རྒྱལ་གངས་དཀར་གྱི་ལྷོ་ཞོལ། གདན་ས་ཞུ་དགོན་སྨིན་གྲོལ་གླིང་ཞེས་གྲགས་པའི་ཞྭ་དཀར་ལུང་རྟོགས་བསྟན་པའི་ཕ་ས་ཆེན་མོ་དེ་རུ། ཕྱི་ལོ༼༢༠༠༩༽ལོར་སྤུ་རྒྱལ་རིག་སློབ་ཁང་ཞེས་པའི་མཚན་སྙན་ཚངས་པའི་མགྲིན་གླུ་དེ་བཞིན་ས་ཆེན་གོ་ལའི་སྒང་དུ་བསྒྲགས་པ་ནས་བཟུང་། སྤུ་རྒྱལ་བོད་པ་ཚང་གི་ཕྱི་ཡི་རྒྱན་ཆ་དང་ནང་གི་ནོར་བུ་གཅིག་ཆོག་སྟེ། མདོ་སྔགས་སེམས་གསུམ་ཞེས་རྩ་བའི་གཞུང་ཆེན་མོ་གསུམ་དང་། དེ་འབྲེལ་སྒྲ་དང་ཚད་མས་མཚོན་པའི་རིག་གནས་ཀྱི་སྡེ་ཚན་གང་དག་ལ་བསླབ་པ་སློབ་གཉེར་གནང་བའི་སྐལ་བཟང་རྫོགས་ལྡན་གསར་པ་མགྲོན་དུ་བཀུག དེ་འབྲེལ་སྐབས་དང་དུས་ཀྱི་བྱ་བ་གཞན་ཞིག་ནི། སྤྱིར་ན་འཆད་རྩོད་རྩོམ་གསུམ་ནི་མཁས་པ་རྣམ་དཔྱོད་ཅན་ཁོ་ནའི་སྤྱོད་ཡུལ་དུ་གྲགས་ཤིང་དེ་ལས་ཀྱང་རྩོམ་པ་ཉིད་ཐོག་མར་བྱ་དཀའ་ལ། གལ་ཏེ་འཁྱོངས་ཚེ་དགེ་མཚན་ཡང་སྔོན་མ་གཉིས་ལས་ཆེས་ཆེར་འཕགས་པ་སྟེ། ཇི་སྐད་དུ། རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོད་པ་སྟེ། །ཞེས་དང་། རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །ཞེས་ཇི་ལྟར་གདམས་པ་ལྟར། གླིང་འདིའི་དགེ་སློབ་རྣམ་པས་ཀྱང་རིག་ཚན་ཁག་གི་སྤྱི་དོན་དང་། དཔྱད་རྩོམ། ཕྱོགས་བསྒྲིགས། གཞུང་འགྲེལ། སློབ་དེབ། སྙན་རྩོམ་སོགས་ཀྱིས་མཚོན་དེ་སྔོན«སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས»ཞེས་པའི། རིག་རྩོམ་དེབ་ཕྲེང་དང་པོ་དང་། དེབ་ཕྲེང་གཉིས་པ་གཉིས་དངོས་སུ་སྤྱི་ཚོགས་ཐོག་སྤེལ་ཟིན་ཅིང་། དེ་མཚུངས་འདི་ལོར(ཁག་གསུམ་པའི)དཔེ་ཚོགས་སུ་ཁྱོན་དེབ་དྲུག་ཡོད་པ་སྟེ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱི་ཉེ་དུས་ཀྱི་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས། «དཔྱད་གླེང་ཕྲ་མཐོང་ཆེ་ཤེལ»ཞེས་པ་དང་། བརྡ་སྤྲོད་འགྲེལ་བ«བརྡ་འགྲེལ་བློ་གསར་འཇུག་པའི་ལམ་བཟང»ཞེས་པའི་སྔོན་བརྩམས་དེ་ལ་ལེགས་བཅོས་ཁ་གསབ་གནང་བ་དང་གཉིས། དགེ་བཤེས་གཡུང་དྲུང་ཕྲིན་ལས་ཀྱིས་རྟེན་འབྲེལ་གྱི་རྣམ་བཤད་བཀའ་དང་བཀའ་བརྟེན་དུ་མ་ནས་བཏུས་ཏེ་བསྒྲིགས་པ«རྟེན་འབྲེལ་གྱི་རྣམ་བཤད་གཅེས་བཏུས»ཞེས་པ་དང་། བཅད་ལྷུག་སྤེལ་གསུམ་གྱི་ལུས་སུ་གྲུབ་ཅིང་སྡེ་བཞིའི་དཔལ་གྱིས་སྲོག་ཏུ་བཟུང་བའི་སྙན་རྩོམ་ཕྱོགས་བསྒྲིགས་ཏེ«ཟླ་ཆུ་སྔོན་མོ»ཞེས་པའི་བླ་དྭགས་ཅན་དང་གཉིས། སློབ་གཉེར་བ་སྙུག་ལྕེའམ་ཀུན་དགའ་ཚུལ་ཁྲིམས་ཀྱི་རྩོམ་དེབ་དང་པོ་སྙན་ངག་སྟེ«བོད་སྐད»ཅེས་པ་དང་། སློབ་གཉེར་བ་གཤེན་སྨྱུག་གམ་ཡེ་ཤེས་རང་ཤར་གྱི་རྩོམ་དེབ་དང་པོ་སྙན་ངག་དེབ«གཤེན་གླུ»ཞེས་པ་བཅས་པར་སྐྲུན་ལེགས་གྲུབ་བྱུང་བ་དང་ལྷན། རིང་མིན་ནང་འབྲེལ་ཡོད་ས་གནས་སོ་སོ་ནས་མངག་ཉོ་ཐུབ་པའི་གོ་སྒྲིག་ཀྱང་ཞུས་ཡོད་པ་ལྟར། རྒྱ་ཆེའི་གཟིགས་མོ་བ་རྣམ་པས་དེ་ལུགས་དགོངས་འཇགས་དང་། བགྱི་བ་འདིས་ཀྱང་ཁ་བ་གངས་ཅན་པའི་ཤེས་བྱ་རིག་པའི་གནས་ལ་ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་ཕན་ཐོགས་ངེས་ཅན་རེ་ཡོང་བའི་སྨོན་འདུན་དང་བཅས། ༢༠༡༧/༡༢/༢༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།