མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གསུང་རྩོམ་ཐོར་བུ།
[ཟླ་ཚེས། 2015-01-05 01:01:54][རྩོམ་པ་པོ། འབུམ་རམས་མ་གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བསྟན་བཅོས་ཡིད་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་
ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་སོགས་བཞུགས་སོ། །
གཙོ་སྒྲིག་པ། འབུམ་རམས་མ་གཟི་གཡང་།
དུས་རབས་ཉི་ཤུའི་ནང་གཞན་དྲིང་འཇོག་མི་དགོས་པའི་མཁས་པའི་དབང་པོ་དཔལ་ལྡན་ཚུལ་ཁྲིམས་མཆོག་གིས་བརྩམས་གནང་བའི་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་དང། ཕྱི་ནང་གསང་གསུམ་གྱི་བརྒྱུད་པའི་བླ་མའི་གསོལ་འདེབས། ལྷག་པའི་ལྷ་ཚོགས་ལ་མཆོད་བསྟོད། གངས་རི་མཚོ་གསུམ་གྱི་གནས་བསྟོད། ༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་དཔལ་བཟང་པོ་མཆོག་གི་སྐུ་གདུང་དཀར་ཆག་བཅས་དཔར་བསྐྲུན་བྱེད་དགོས་པའི་རྒྱུ་མཚན་ནི། མཁས་དབང་དམ་པ་གང་ཉིད་དང་ཁྱིམ་ཚང་གཅིག་གི་ཁྱིམ་མི་བྱས་ནས་ཡུན་རིང་འགྲོགས་མྱོང་བའི་བདག་གི་ཕ་དམ་པའི་དགོངས་ཚུལ་དུ་དཔལ་ཚུལ་གྱི་བརྩམས་གཞུང་ཐོར་བུ་ཁག་རྣམས་ཕྱོགས་སྒྲིག་གནང་ནས་དེབ་གཅིག་དཔར་བསྐྲུན་བྱ་ཐུབ་ན་བསམ་པའི་རེ་འདུན་ཡིད་ལ་མཆིས་ཀྱང་། དུས་ཕྱིས་ན་ཚོད་རྒས་པ་དང་ལུས་ལ་ན་རྐྱེན་མང་བ་སོགས་ལ་བརྟེན་ནས་བསམ་པ་བཞིན་གྲུབ་ཐུབ་མེད། ད་ལན་འདིར་ཕ་དམ་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་རེ་སྨོན་དང་གཞུང་དེ་དག་ཕྱོགས་སྒྲིག་བགྱིས་ཏེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་བདེ་བླག་ངང་སྤྱོད་ཐུབ་པའི་ཀུན་སློང་ཡིད་ལ་བཅངས་ཏེ་དཔར་བསྐྲུན་གྱི་ལས་ལ་འཇུག་པའི་དགོས་པ་ཉག་ཅིག་ཀྱང་དེ་ཡིན།
དེས་ན་མཁས་དབང་དམ་པ་གང་གི་གསུང་རྩོམ་རྣམས་ཞུ་དག་སོགས་གང་ཐུབ་བྱས་ནས་གློག་ཀླད་ནང་ལེགས་པར་བཅུག་པའི་བྱ་བའི་ལས་ལ་འཇུག་དོན་དང་། གསུང་རྩོམ་ཕྱོགས་སྒྲིག་འདིའི་ནང་བརྗོད་དོན་གང་དང་གང་ཡོད་བཅས་འདི་རུ་མདོར་བསྡུས་ཤིག་ཞུ་ན། དང་པོ། སྙན་ངག་རྒྱན་གསུམ་གྱི་གཞུང་གི་མ་ཕྱི་ངོ་མ་དེ་མཇལ་རྒྱུ་མེད་པ་དང་། ལྡི་ལིའི་དཔར་མའི་ནང་འཁོད་པའི་གཞུང་འདི་ཉིད་ཀྱི་དཔར་སློག་གི་ཡིག་འབྲུ་རྣམས་ཤིན་ཏུ་ཆ་ཕྲ་བས་རྐྱེན་གྱིས། ཀློག་སྟབས་སོགས་བདེ་བོ་མེད་པ་དང་། དཀར་ཆག་སོགས་ས་བཅད་ཀྱང་ལོགས་སུ་རིམ་པར་བཀོད་མེད་པས་གཞུང་དངོས་ལ་འཇུག་ཐབས་དེ་བས་ཀྱང་དཀའ་བ་དང་། ཕྱོགས་གཅིག་ནས་སྙན་གཞུང་འདི་ཉིད་དཔེ་རིང་གི་གསེབ་ནང་ཡུན་རིང་སྣང་མེད་ངང་ལྷག་པར་བརྟེན། རིག་པའི་གནས་ཀུན་ལ་མཁས་པའི་བདག་ཉིད་ཆེན་པོ་དཔལ་ལྡན་ཚུལ་ཁྲིམས་ཁོང་ཉིད་ཀྱིས་བརྩམས་པའི་སྙན་ངག་རྒྱན་གསུམ་གྱི་གཞུང་ད་བར་ཡོངས་གྲགས་སུ་ཕྱིན་མེད་པ་དང་། སློབ་གཉེར་བ་རྣམས་ཀྱིས་ལོངས་སུ་སྤྱོད་མི་ཐུབ་པའི་རྒྱུ་མཚན་ཡང་དེ་ཡིན་པར་འཁུམས། དེ་བཞིན་ཁོང་ཉིད་ཀྱི་རྩོམ་ཐོར་བུ་མང་པོ་ཞིག་གཞུང་གསེབ་ནང་ལྷག་ཡོད་པས་དེ་དག་ཀུན་ཡན་གར་ཚུལ་དུ་མ་གནས་པར་ཕྱོགས་གཅིག་དུ་བསྡེབས་ནས་ཞུ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ལགས།
གཉིས་པ་སྙན་རྩོམ་ཕྱོགས་སྒྲིག་འདིའི་ནང་བརྗོད་དོན་གང་དང་གང་ཡོད་ཅེ་ན།
དང་པོར། བསྟན་བཅོས་ཡིད་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་ཞེས་བྱ་བ་ལ་སྤྱིར་གྲངས་ཀྱི་དབྱེ་མཚམས་བཅུ་གསུམ་སྟེ། དེ་ཡང་ ༡༽ཤིས་བརྗོད་ཀྱི་སྒོ། ༢༽ཕྱག་རྒྱའི་སྒོ། ༣༽མཆོད་བརྗོད་ཀྱི་སྒོ། ༤༽བསྟོད་པའི་སྒོ། ༥༽དངོས་པོ་ངེས་བསྟན་གྱི་སྒོ། ༦༽གླེང་གཞི་རིག་གནས་ཀྱི་འཕྲོས་མདོ། ༧༽བརྗོད་བདེ་ཚིག་ལ་གྲོལ་བ་རིགས་མཛོད་འདུས་པ་བཞི་བསྟན་པ། ༨༽ཚིག་རྒྱན་སྤྱི་ཡི་གནད་དོན་ཡོན་ཏན་བཅུ་བཤད་པ། ༩༽དོན་རྒྱན་བཤད་པ། ༡༠༽སྒྲ་རྒྱན་བསྟན་པ། ༡༡༽གབ་ཚིག་གི་རྒྱན་བསྟན་པ། ༡༢༽སྙན་ངག་གི་སྐྱོན་བཅུ་དང་དེའི་དམིགས་བསལ་སྐྱོན་སེལ་བཅས་རྣམ་པར་ཕྱེས་ཏེ་བསྟན་པ། ༡༣༽མཇུག་བསྡུས་སྨོན་ཚིག་བཅས་ཡོད།།
གཉིས་པ། རྒྱལ་བ་གཤེན་གྱི་བརྒྱུད་པ་སྤྱི་ཁྱབ་ཏུ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་མཆོག་གྲགས་པ་ཅན་ཐམས་ཅད་ཕྱོགས་སྡེབས་ཀྱི་གསོལ་འདེབས།
གསུམ་པ། ལྷག་པའི་ལྷ་མཆོག་ཚོགས་ལ་མཆོད་བསྟོད་ཀྱི་རྩོམ་གཞུང་ནང་། ༡༽ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལྷ་གཤེན་སྲིད་པ་བཅས་བདེར་གཤེགས་གཙོ་བཞི་ལ་སྔགས་བསྟོད། ༢༽རྣམ་དག་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ། ༣༽རྒྱལ་ཡུམ་ཤེས་རབ་བྱམས་མ་ལ་བསྟོད་པ། ༤༽རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་ཅན་རྫོགས་པའི་སངས་རྒྱས་གཤེན་རབ་རྣམ་པར་རྒྱལ་བ་ལ་བསྟོད་པ། ༥༽བདེར་གཤེགས་པ་ཀུན་སྣང་ཁྱབ་པ་ལ་བསྟོད་པ། ༦༽གསང་ཆེན་གསང་མཆོག་མཐར་ཐུག་རྒྱལ་པོ་ལ་བསྟོད་པ། ༧༽ཁྲོ་རྒྱལ་གསས་མཆོག་གསང་བ་དབྱིངས་རོལ་ལ་བསྟོད་པ། ༨༽ཡི་དམ་ཆེ་མཆོག་དབལ་གསས་རྔམ་པ་ལ་བསྟོད་པ། ༩༽ཁྲོ་བོའི་རྒྱལ་པོ་འབར་བའི་ལྷ་མཆོག་ཐུགས་རྗེའི་དཔལ་གཙོ་མཆོག་མཁའ་འགྱིང་ལ་བསྟོད་པ། ༡༠༽ དབལ་ཕུར་ཁྲོ་མཆོག་འབྲུག་གསས་ཆེམ་པ་ལ་བསྟོད་པ། ༡༡༽ དབལ་ཆེན་མེ་རི་གེ་ཁོད་དབང་རྒྱལ་ལ་བསྟོད་པ། ༡༢༽ བདེ་ཆེན་དབྱིངས་ཕྱུག་མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་མ་ལ་བསྟོད་པ། ༡༣༽ བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོ་ལ་བསྟོད་པ་བཅས་ཡོད།
བཞི་པ། གངས་རི་མཚོ་གསུམ་གྱི་གནས་བསྟོད། ལྔ་པ། ༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་དཔལ་བཟང་པོ་མཆོག་གི་སྐུ་གདུང་དཀར་ཆག་བཅས་རིམ་པར་བསྟན་ཡོད།
མཁས་དབང་དམ་པ་གང་ཉིད་ཀྱི་སྙན་ངག་གི་གཞུང་རྩོམ་རྣམས་ལྡི་ལིའི་དཔར་མའི་ནང་འཁོད་པ་དག་གཞིར་བཅོལ་ཏེ། འབྲུ་དོན་རིགས་མ་གསལ་བ་དང་། ཆད་ལྷག་ཤོར་བ་རྣམས་དག་པ་ཞུས་པ་ཙམ་ལས་བཅོས་ཐལ་རིགས་བྱས་མེད་མོད། ད་ལམ་<< སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དང་། ཕྱི་ནང་གསང་གསུམ་གྱི་བླ་མའི་གསོལ་འདེབས། ལྷག་པའི་ལྷ་ཚོགས་ལ་མཆོད་བསྟོད། གངས་རི་མཚོ་གསུམ་གྱི་གནས་བསྟོད། ༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་དཔལ་བཟང་པོ་མཆོག་གི་སྐུ་གདུང་དཀར་ཆག>>བཅས་ལ་ཞུ་སྒྲིག་སོགས་བྱས་པའི་ཕྲན་རང་ཉིད་ལ་དེ་སྔ་དེ་ལྟར་གྱི་བྱ་བ་ལ་འཇུག་པའི་ཉམས་མྱོང་དང་རིགས་གནས་ཀྱི་ཆུ་ཚོད་ཀྱི་ཆ་ནས་འདང་ངེས་ཆོད་པ་ཞིག་མེད་པས་ནོར་བ་དང་འཁྲུལ་བ་ཡོང་སྲིད་པ་དེ་ལྟ་ན་མཁྱེན་ལྡན་རྣམ་དཔྱོད་ཀྱིས་ཕྱུག་པ་རྣམས་ཀྱིས་ཡོ་་བསྲང་དང་ཕྱི་འབྱུང་གི་བྱ་གཞག་འདི་རིགས་ལ་བཀའ་སློབ་དང་ལམ་སྟོན་ཅི་ནས་ཀྱང་ཡོང་བར་མཁྱེན་མཁྱེན་ཞུ། །
དཀར་ཆག
དཔར་སྐྲུན་གསལ་བཤད། 1
མཛད་པ་པོའི་ལོ་རྒྱུས། 1
བསྟན་བཅོས་ཡིད་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་པ་ལེགས་སོ། །
ཤིས་བརྗོད་ཀྱི་སྒོ། 15
ཕྱག་རྒྱའི་སྒོ། 16
མཆོད་བརྗོད་ཀྱི་སྒོ། 17
བསྟོད་པའི་སྒོ། 18
དངོས་པོ་ངེས་བསྟན་གྱི་སྒོ། 21
གླེང་གཞི་རིག་གནས་ཀྱི་འཕྲོས་མདོ། 23
བརྗོད་བདེ་ཚིག་ལ་གྲོལ་བ་རིགས་མཛོད་འདུས་པ་བཞི་བསྟན་པ། 29
ཚིག་རྒྱན་སྤྱི་ཡི་གནད་དོན་ཡོན་ཏན་བཅུ་བཤད་པ། 49
དོན་རྒྱན་སོ་དྲུག་ལས་རང་བཞིན་བརྗོད་པའི་རྒྱན།
དང་པོ་རིགས་རང་བཞིན་བརྗོད་པའི་རྒྱན། 65
གཉིས་པ་ངོ་བོ་རང་བཞིན་བརྗོད་པའི་རྒྱན། 66
གསུམ་པ་ཆ་ཤས་མཉམ་པའི་རང་བཞིན་བརྗོད་པའི་རྒྱན། 67
བཞི་པ་བྱ་བ་རང་བཞིན་བརྗོད་པའི་རྒྱན། 68
ལྔ་པ་རྒྱུ་མཚན་རང་བཞིན་བརྗོད་པའི་རྒྱན། 70
དྲུག་པ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན། 71
བདུན་པ་འབྲས་བུ་རང་བཞིན་བརྗོད་པའི་རྒྱན། 72
བརྒྱད་པ་རྫས་དངོས་རང་བཞིན་བརྗོད་པའི་རྒྱན། 73
གཉིས་པ་དཔེ་རྒྱན་སོ་བཞི།
དང་པོ་བོན་དཔེ་བཤད་པ། 75
གཉིས་པ་དངོས་མཚུངས་དཔེ་བཤད་པ། 76
གསུམ་པ་བཟློག་པའི་དཔེ་བཤད་པ། 77
བཞི་པ་ཕན་ཚུན་གྱི་དཔེ་བཤད་པ། 78
ལྔ་པ་ངེས་པའི་བཤད་པ། 79
དྲུག་པ་ངེས་མེད་ཀྱི་དཔེ་བཤད་པ། 80
བདུན་པ་བསྡུས་པའི་དཔེ་བཤད་པ། 81
བརྒྱད་པ་ཕུལ་བྱུང་གི་དཔེ་བཤད་པ། 82
དགུ་པ་རབ་རྟོགས་ཀྱི་དཔེ་བཤད་པ། 83
བཅུ་པ་རྨད་བྱུང་གྱི་དཔེ་བཤད་པ། 84
བཅུ་གཅིག་རྨོངས་པའི་དཔེ་བཤད་པ། 85
བཅུ་གཉིས་ཐེ་ཚོམ་གྱི་དཔེ་བཤད་པ། 86
བཅུ་གསུམ་གཏན་ཕེབས་ཀྱི་དཔེ་བཤད་པ། 87
བཅུ་བཞི་སྦྱར་བའི་དཔེ་བཤད་པ། 88
བཅོ་ལྔ་མཉམ་པའི་དཔེ་བཤད་པ། 89
བཅུ་དྲུག་སྨད་པའི་དཔེ་བཤད་པ། 91
བཅུ་བདུན་བསྔགས་པའི་དཔེ་བཤད་པ། 92
བཅོ་བརྒྱད་བརྗོད་འདོད་ཀྱི་དཔེ་བཤད་པ། 93
བཅུ་དགུ་འགལ་བའི་དཔེ་བཤད་པ། 94
ཉི་ཤུ་དགག་པའི་དཔེ་བཤད་པ། 95
ཉེར་གཅིག་མཛེས་པའི་དཔེ་བཤད་པ། 96
ཉེར་གཉིས་ངོ་བོ་ཡི་དཔེ་བཤད་པ། 97
ཉེར་གསུམ་ཐུན་མོང་མིན་པའི་དཔེ་བཤད་པ། 98
ཉེར་བཞི་འབྱུང་མིན་གྱི་དཔེ་བཤད་པ། 99
ཉེར་ལྔ་སྲིད་མིན་གྱི་དཔེ་བཤད་པ། 100
ཉེར་དྲུག་མཚུངས་ཟླ་མིན་པའི་དཔེ་བཤད་པ། 101
ཉེར་བདུན་དགའ་བའི་དཔེ་བཤད་པ། 102
ཉེར་བརྒྱད་མང་བའི་དཔེ་བཤད་པ། 103
ཉེར་དགུ་རྣམ་འགྱུར་གྱི་དཔེ་བཤད་པ། 104
སུམ་ཅུ་ཕྲེང་བའི་དཔེ་བཤད་པ། 105
སོ་གཅིག་ངག་དོན་གྱི་དཔེ་བཤད་པ། 107
སོ་གཉིས་ཟླ་དངོས་ཀྱི་དཔེ་བཤད་པ། 108
སོ་གསུམ་མཚུངས་སྦྱོར་གྱི་དཔེ་བཤད་པ། 109
སོ་བཞི་རྒྱུ་ཡི་དཔེ་བཤད་པ། 110
མཚུངས་པ་གསལ་བྱེད་ཀྱི་སྒྲ། 111
གསུམ་པ་གཟུགས་རྒྱན།
དང་པོ་བསྡུས་པའི་གཟུགས་རྒྱན། 114
གཉིས་པ་མ་བསྡུས་པའི་གཟུགས་རྒྱན། 115
གསུམ་པ་བསྡུས་ཤིང་མ་བསྡུས་པའི་གཟུགས་རྒྱན། 117
བཞི་པ་མཐའ་དག་གི་གཟུགས་རྒྱན། 118
ལྔ་པ་ཆ་ཤས་ཀྱི་གཟུགས་རྒྱན། 119
དྲུག་པ་ཆ་ཤས་ཅན་གྱི་གཟུགས་རྒྱན། 120
བདུན་པ་ཡན་ལག་གི་གཟུགས་རྒྱན། 121
བརྒྱད་པ་ལྡན་པའི་གཟུགས་རྒྱན། 122
དགུ་པ་འོས་མིན་ནམ་མི་ལྡན་པའི་གཟུགས་རྒྱན། 123
བཅུ་པ་མི་མཉམ་པའི་གཟུགས་རྒྱན། 124
བཅུ་གཅིག་ཁྱད་པར་གྱི་གཟུགས་རྒྱན། 125
བཅུ་གཉིས་འགལ་བའི་གཟུགས་རྒྱན། 126
བཅུ་གསུམ་རྒྱུ་ཡི་གཟུགས་རྒྱན། 128
བཅུ་བཞི་སྦྱར་བའི་གཟུགས་རྒྱན། 129
བཅོ་ལྔ་དཔེའི་གཟུགས་རྒྱན། 130
བཅུ་དྲུག་ལྡོག་པའི་གཟུགས་རྒྱན། 131
བཅོ་བརྒྱད་འགོག་པའི་གཟུགས་རྒྱན། 132
བཅུ་དགུ་མཉམ་འཇོག་གི་གཟུགས་རྒྱན། 133
ཉི་ཤུ་པ་གཟུགས་ཅན་གྱི་གཟུགས་རྒྱན། 134
ཉེར་གཅིག་བསྙོན་དོར་གྱི་གཟུགས་རྒྱན། 135
ཉེར་གཉིས་དོན་གཞན་བཀོད་པའི་གཟུགས་རྒྱན། 136
ཉེར་གསུམ་རབ་བརྟག་གི་གཟུགས་རྒྱན། 137
ཉེར་བཞི་བྱུང་མིན་གྱི་གཟུགས་རྒྱན། 138
ཉེར་ལྔ་འཇིགས་རུང་གི་གཟུགས་རྒྱན། 139
བཞི་པ་གསལ་བའི་རྒྱན།
དང་པོ་རིགས་ཐོག་མའི་གསལ་བྱེད་ཀྱི་རྒྱན། 141
གཉིས་པ་བྱ་བ་ཐོག་མའི་གསལ་བྱེད་ཀྱི་རྒྱན། 141
གསུམ་པ་ཡོན་ཏན་ཐོག་མའི་གསལ་བྱེད་ཀྱི་རྒྱན། 142
བཞི་པ་རྫས་ཐོག་མའི་གསལ་བྱེད་ཀྱི་རྒྱན། 143
ལྔ་པ་རིགས་བར་མའི་གསལ་བྱེད་ཀྱི་རྒྱན། 144
དྲུག་པ་བྱ་བ་བར་མའི་གསལ་བྱེད་ཀྱི་རྒྱན། 145
བདུན་པ་ཡོན་ཏན་བར་མའི་གསལ་བྱེད་ཀྱི་རྒྱན། 145
བརྒྱད་པ་རྫས་བར་མའི་གསལ་བྱེད་ཀྱི་རྒྱན། 146
དགུ་པ་རིགས་ཐ་མའི་གསལ་བྱེད་ཀྱི་རྒྱན། 147
བཅུ་པ་བྱ་བ་ཐ་མའི་གསལ་བྱེད་ཀྱི་རྒྱན། 148
བཅུ་གཅིག་ཡོན་ཏན་ཐ་མའི་གསལ་བྱེད་ཀྱི་རྒྱན། 148
བཅུ་གཉིས་རྫས་ཐ་མའི་གསལ་བྱེད་ཀྱི་རྒྱན། 149
བཅུ་གསུམ་ཕྲེང་བའི་གསལ་བྱེད་ཀྱི་རྒྱན། 150
བཅུ་བཞི་འགལ་བའི་གསལ་བྱེད་ཀྱི་རྒྱན། 151
བཅོ་ལྔ་དོན་གཅིག་གསལ་བྱེད་ཀྱི་རྒྱན། 152
བཅུ་དྲུག་སྦྱར་བའི་གསལ་བྱེད་ཀྱི་རྒྱན། 153
བཅུ་བདུན་དཔེ་ཡིས་གསལ་བྱེད་ཀྱི་རྒྱན། 154
བཅོ་བརྒྱད་རབ་བརྟག་གིས་གསལ་བྱེད་ཀྱི་རྒྱན། 154
བཅུ་དགུ་འགོག་པས་གསལ་བྱེད་ཀྱི་རྒྱན། 155
ཉི་ཤུ་པ་མཆོག་གི་གསལ་བྱེད་ཀྱི་རྒྱན། 156
ལྔ་པ་བསྐོར་བའི་རྒྱན།
དང་པོ་དོན་བསྐོར་བའི་རྒྱན། 157
གཉིས་པ་ཚིག་བསྐོར་བའི་རྒྱན། 158
གསུམ་པ་ཚིག་དོན་གཉིས་ཀ་བསྐོར་བའི་རྒྱན། 159
དྲུག་པ་འགོག་པའི་རྒྱན།
དང་པོ་བྱུང་བ་འགོག་པའི་རྒྱན། 160
གཉིས་པ་མངོན་འགྱུར་འགོག་པའི་རྒྱན། 161
གསུམ་པ་འབྱུང་འགྱུར་འགོག་པའི་རྒྱན། 162
བཞི་པ་བོན་འགོག་པའི་རྒྱན། 163
ལྔ་པ་བོན་ཅན་འགོག་པའི་རྒྱན། 163
དྲུག་པ་རྒྱུ་འགོག་པའི་རྒྱན། 164
བདུན་པ་འབྲས་བུ་འགོག་པའི་རྒྱན། 165
བརྒྱད་པ་རྗེས་གནང་འགོག་པའི་རྒྱན། 166
དགུ་པ་དབང་གིས་འགོག་པའི་རྒྱན། 167
བཅུ་པ་མ་གོས་འགོག་པའི་རྒྱན། 168
བཅུ་གཅིག་ཤིས་བརྗོད་ཀྱིས་འགོག་པའི་རྒྱན། 169
བཅུ་གཉིས་རྩུབ་མོས་འགོག་པའི་རྒྱན། 170
བཅུ་གསུམ་གྲོས་ཀྱིས་འགོག་པའི་རྒྱན། 171
བཅུ་བཞི་འབད་པས་འགོག་པའི་རྒྱན། 172
བཅོ་ལྔ་གཞན་དབང་གིས་འགོག་པའི་རྒྱན། 172
བཅུ་དྲུག་ཐབས་ཀྱིས་འགོག་པའི་རྒྱན། 173
བཅུ་བདུན་ཁྲོ་བས་འགོག་པའི་རྒྱན། 174
བཅོ་བརྒྱད་སྙིས་རྗེས་འགོག་པའི་རྒྱན། 175
བཅུ་དགུ་འགྱོད་པས་འགོག་པའི་རྒྱན། 176
ཉི་ཤུ་པ་ཐེ་ཚོམ་གྱིས་འགོག་པའི་རྒྱན། 177
ཉེར་གཅིག་སྦྱར་བའི་འགོག་པའི་རྒྱན། 178
ཉེར་གཉིས་དོན་གཞན་གྱིས་འགོག་པའི་རྒྱན། 179
ཉེར་གསུམ་རྒྱུ་ཡིས་འགོག་པའི་རྒྱན། 180
ཉེར་བཞི་ངེས་པས་འགོག་པའི་རྒྱན། 180
བདུན་པ་དོན་གཞན་བཀོད་པའི་རྒྱན།
དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པའི་རྒྱན། 182
གཉིས་པ་ཁྱད་པར་གྱི་དོན་གཞན་བཀོད་པའི་རྒྱན། 183
གསུམ་པ་སྦྱར་བའི་དོན་གཞན་བཀོད་པའི་རྒྱན། 183
བཞི་པ་འགལ་བའི་དོན་གཞན་བཀོད་པའི་རྒྱན། 184
ལྔ་པ་མི་འོས་པའི་དོན་གཞན་བཀོད་པའི་རྒྱན། 185
དྲུག་པ་འོས་པའི་དོན་གཞན་བཀོད་པའི་རྒྱན། 185
བདུན་པ་འོས་དང་མི་འོས་པའི་དོན་གཞན་བཀོད་པའི་རྒྱན། 186
བརྒྱད་པ་མི་འོས་འོས་པའི་དོན་གཞན་བཀོད་པའི་རྒྱན། 187
དགུ་པ་མཆོག་གི་དོན་གཞན་བཀོད་པའི་རྒྱན། 187
བཅུ་པ་དམན་པའི་དོན་གཞན་པའི་བཀོད་པའི་རྒྱན། 188
བརྒྱད་པ་ལྡོག་པ་ཅན་གྱི་རྒྱན།
དང་པོ་གཅིག་གི་ལྡོག་པ་ཅན་གྱི་རྒྱན། 189
གཉིས་པ་གཉིས་ལྡོག་གི་ལྡོག་པ་ཅན་གྱི་རྒྱན། 189
གསུམ་པ་སྦྱར་བའི་ལྡོག་པ་ཅན་གྱི་རྒྱན། 190
བཞི་པ་འགོག་པའི་ལྡོག་པ་ཅན་གྱི་རྒྱན། 191
ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ཅན་གྱི་རྒྱན། 191
དྲུག་པ་རྟེན་གྱི་ལྡོག་པ་ཅན་གྱི་རྒྱན། 192
བདུན་པ་ལྷག་པའི་ལྡོག་པ་ཅན་གྱི་རྒྱན། 193
བརྒྱད་པ་མཚུངས་ཆོས་སྒྲས་ཟིན་ལྡོག་པ་ཅན་གྱི་རྒྱན། 193
དགུ་པ་མཚུངས་ཆོས་ཤུགས་བསྟན་ལྡོག་པ་ཅན་གྱི་རྒྱན། 194
བཅུ་པ་རིགས་མཐུན་འབྱེད་པའི་ལྡོག་པ་ཅན་གྱི་རྒྱན། 195
དགུ་པ་སྲིད་པ་ཅན་གྱི་རྒྱན།
དང་པོ་བསྐལ་པ་དུས་ལ་སྦྱར་བའི་སྲིད་པ་ཅན། 195
གཉིས་པ་སྲིད་པ་བཅུད་ལ་སྦྱར་བའི་སྲིད་པ་ཅན། 196
གསུམ་པ་འབྱུང་བ་སྣོད་ལ་སྦྱར་བའི་སྲིད་པ་ཅན། 197
བཞི་པ་སྐྱེས་བུའི་ལུས་ལ་སྦྱར་བའི་སྲིད་པ་ཅན། 197
ལྔ་པ་རང་བཞིན་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན། 198
དྲུག་པ་རང་བཞིན་ཡོན་ཏན་སྟོན་པའི་སྲིད་པ་ཅན། 199
བདུན་པ་རང་བཞིན་ངན་སྐྱོན་སྟོན་པའི་སྲིད་པ་ཅན། 200
བརྒྱད་པ་རང་བྱུང་བྱ་བའི་རྒྱུ་སྟོན་སྲིད་པ་ཅན། 200
དགུ་པ་རྣམ་པ་གཞན་དུ་འགྱུར་བའི་སྲིད་པ་ཅན། 201
བཅུ་པ་རང་བཞིན་སྔ་ན་མེད་པའི་སྲིད་པ་ཅན། 201
བཅུ་པ་ཕུལ་བྱུང་གི་རྒྱན།
དང་པོ་ཁྱད་འཕགས་ཀྱི་ཕུལ་བྱུང་། 202
གཉིས་པ་ཐེ་ཚོམ་གྱི་ཕུལ་བྱུང་། 203
གསུམ་པ་ངེས་པའི་ཕུལ་བྱུང་། 204
བཞི་པ་གྲགས་པའི་ཕུལ་བྱུང་། 205
ལྔ་པ་ངོ་མཚར་གྱི་ཕུལ་བྱུང་། 205
དྲུག་པ་དཔེ་མེད་ཀྱི་ཕུལ་བྱུང་། 206
བདུན་པ་ནུས་པའི་ཕུལ་བྱུང་། 207
བརྒྱད་པ་རབ་རྟོག་གི་ཕུལ་བྱུང་། 207
བཅུ་གཅིག་པ་རབ་བཏགས་ཀྱི་རྒྱན།
དང་པོ་སེམས་ལྡན་ཤེས་པའི་རབ་རྟོག 208
གཉིས་པ་སེམས་མེད་བེམ་པོའི་རབ་རྟོག 209
གསུམ་པ་བཞིན་སྒྲ་ཅན་སོགས་རབ་རྟོག 209
བཞི་པ་ཏིང་ངེ་འཛིན་གྱི་རབ་རྟོག 215
བཅུ་གཉིས་པ་རྒྱུ་ཡི་རྒྱན།
དང་པོ་སྐྱེད་བྱེད་རྒྱུ་ཡི་རྒྱན། 216
གཉིས་པ་ཉམས་བྱེད་རྒྱུ་ཡི་རྒྱན། 216
གསུམ་པ་རྣམ་གྱུར་རྒྱུ་ཡི་རྒྱན། 217
བཞི་པ་འཐོབ་བྱེད་རྒྱུ་ཡི་རྒྱན། 218
ལྔ་པ་ཕྱི་ཤེས་ཀྱི་རྒྱུ་ཡི་རྒྱན། 218
དྲུག་པ་ནང་ཤེས་ཀྱི་རྒྱུ་ཡི་རྒྱན། 219
བདུན་པ་སྔ་ན་མེད་པའི་རྒྱུ་ཡི་རྒྱན། 220
བརྒྱད་པ་ཞིག་ན་མེད་པའི་རྒྱུ་ཡི་རྒྱན། 220
དགུ་པ་ཕན་ཚུན་མེད་པའི་རྒྱུ་ཡི་རྒྱན། 221
བཅུ་པ་སྤངས་ནས་མེད་པའི་རྒྱུ་ཡི་རྒྱན། 221
བཅུ་གཅིག་འབྲས་མེད་བསྐྱེད་པའི་རྒྱུ་ཡི་རྒྱན། 222
བཅུ་གཉིས་རིང་བའི་རྒྱུ་ཡི་རྒྱན། 223
བཅུ་གསུམ་ལྷན་ཅིག་པའི་རྒྱུ་ཡི་རྒྱན། 223
བཅུ་བཞི་འབྲས་བུ་སྔ་བར་གྱུར་པའི་རྒྱུ་ཡི་རྒྱན། 224
བཅོ་ལྔ་རིགས་མིན་རྒྱུ་ཡི་རྒྱན། 225
བཅུ་དྲུག་རིགས་པའི་རྒྱུ་ཡི་རྒྱན། 226
བཅུ་གསུམ་པ་བསྡུས་བརྗོད་ཀྱི་རྒྱན།
དང་པོ་སྤྱི་ཡི་བསྡུས་བརྗོད། 226
གཉིས་པ་སྔོན་ན་མེད་པའི་བསྡུས་བརྗོད། 227
གསུམ་པ་ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པ་ཅན་གྱི་བསྡུས་བརྗོད། 228
བཞི་པ་ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་མི་གཅིག་པའི་བསྡུས་བརྗོད། 228
བཅུ་བཞི་པ་སྦྱར་བའི་རྒྱན།
དང་པོ་ཚིག་ཐ་དད་མིན་པའི་སྦྱར་བའི་རྒྱན། 229
གཉིས་པ་ཐ་དད་ཚིག་འདྲའི་སྦྱར་བའི་རྒྱན། 230
གསུམ་པ་བྱ་བ་ཐ་དད་མིན་པའི་སྦྱར་བའི་རྒྱན། 231
བཞི་པ་བྱ་བ་འགལ་བ་མིན་པའི་སྦྱར་བའི་རྒྱན། 231
ལྔ་པ་བྱ་བ་འགལ་བའི་ལས་ཅན་གྱི་སྦྱར་བའི་རྒྱན། 232
དྲུག་པ་ངེས་པ་ཅན་གྱི་སྦྱར་བའི་རྒྱན། 232
བདུན་པ་ངེས་པ་འགོག་པ་ཅན་གྱི་སྦྱར་བའི་རྒྱན། 233
བརྒྱད་པ་ཁྱད་ཆོས་འགལ་བ་མིན་པའི་སྦྱར་བའི་རྒྱན། 234
དགུ་པ་ཁྱད་བོན་འགལ་བ་ཅན་གྱི་སྦྱར་བའི་རྒྱན། 234
བཅོ་ལྔ་པ་འགལ་བའི་རྒྱན།
དང་པོ་གཞི་ཉིད་ཐ་དད་བྱ་བ་འགལ་བའི་རྒྱན། 235
གཉིས་པ་གཞི་གཅིག་བྱ་བ་འགལ་བའི་རྒྱན། 236
གསུམ་པ་གཞི་གཅིག་ཉིད་ལ་རང་བཞིན་འགལ་རྒྱན། 237
བཞི་པ་གཞི་གཅིག་དག་གི་ཡོན་ཏན་འགལ་བའི་རྒྱན། 237
ལྔ་པ་གཞི་གཅིག་ཉིད་ཀྱི་བོན་དག་འགལ་བའི་རྒྱན། 238
དྲུག་པ་གཞི་གཅིག་ཉིད་ཀྱི་རྫས་ལས་འགལ་བའི་རྒྱན། 238
བདུན་པ་སྦྱར་བའི་འགལ་བའི་རྒྱན། 239
བཅུ་དྲུག་པ་ཁྱད་པར་བརྗོད་པའི་རྒྱན།
དང་པོ་ཡོན་ཏན་མ་ཚང་པ་ཡི་ཁྱད་པར་བརྗོད་པའི་རྒྱན། 240
གཉིས་པ་རིགས་མ་ཚང་བའི་ཁྱད་པར་བརྗོད་པའི་རྒྱན། 241
གསུམ་པ་བྱ་བ་མ་ཚང་བ་ཡི་ཁྱད་པར་བརྗོད་པའི་རྒྱན། 241
བཞི་པ་རྫས་མ་ཚང་བའི་ཁྱད་པར་བརྗོད་པའི་རྒྱན། 242
ལྔ་པ་རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པའི་རྒྱན། 243
དྲུག་པ་མ་ཚང་བྱ་བ་མི་འགལ་བའི་ཁྱད་པར་བརྗོད་པའི་རྒྱན། 243
བདུན་པ་བྱ་བ་མ་ཚང་འགལ་བའི་ཁྱད་པར་བརྗོད་པའི་རྒྱན། 244
བཅུ་བདུན་པ་ཕྲ་མོའི་རྒྱན།
དང་པོ་ལུས་ཀྱི་བརྡ་སྟོན་ཕྲ་མོའི་རྒྱན། 245
གཉིས་པ་རྣམ་པ་ཕྲ་བས་རྟོགས་བྱེད་ཕྲ་མོའི་རྒྱན། 245
གསུམ་པ་ངག་བརྗོད་ཟུར་གྱི་ཕྲ་མོའི་རྒྱན། 246
བཅོ་བརྒྱད་པ་ཆ་ཡི་རྒྱན།
དང་པོ་འོས་པའི་ཆ་ཡི་རྒྱན། 247
གཉིས་པ་མི་འོས་པའི་ཆ་ཡི་རྒྱན། 247
གསུམ་པ་བསྟོད་པའི་ཆ་ལ་སྨད་པའི་ཆ་ཡི་རྒྱན། 248
བཞི་པ་སྨད་པའི་ཆ་ལ་བསྟོད་པའི་ཆ་ཡི་རྒྱན། 249
བཅུ་དགུ་པ་རིམ་པར་བརྗོད་པའི་རྒྱན།
དང་པོ་རང་བཞིན་རིམ་པར་བརྗོད་པའི་རྒྱན། 249
གཉིས་པ་བྱ་བ་རིམ་པར་བརྗོད་པའི་རྒྱན། 250
གསུམ་པ་ཡོན་ཏན་རིམ་པར་བརྗོད་པའི་རྒྱན། 251
བཞི་པ་རྫས་རིམ་པར་བརྗོད་པའི་རྒྱན། 251
ཉི་ཤུ་པ་དགའ་བའི་རྒྱན།
དང་པོ་རེ་བ་དང་བཅས་རབ་ཏུ་དགའ་བའི་རྒྱན། 252
གཉིས་པ་རེ་བ་མེད་པའི་མཆོག་ཐོབ་དགའ་བའི་རྒྱན། 253
གསུམ་པ་མ་འོངས་འབྱུང་བ་མིན་པའི་དགའ་བའི་རྒྱན། 253
བཞི་པ་སྔོན་བྱུང་དཔེ་དང་བྲལ་བའི་དགའ་བའི་རྒྱན། 254
ཉེར་གཅིག་པ་ཉམས་ལྡན་གྱི་རྒྱན།
དང་པོ་དགའ་བ་འཕེལ་བ་སྒེགས་པའི་ཉམས་ལྡན་གྱི་རྒྱན། 255
གཉིས་པ་འཁྲོ་བ་འཕེལ་བ་དྲག་ཤུལ་ཉམས་ལྡན་གྱི་རྒྱན། 256
གསུམ་པ་སྤྲོ་བ་འཕེལ་བ་དཔའ་བའི་ཉམས་ལྡན་གྱི་རྒྱན། 256
བཞི་པ་ངོ་མཚར་འཕེལ་བ་རྨད་བྱུང་གི་ཉམས་ལྡན་གྱི་རྒྱན། 257
ལྔ་པ་མྱ་ངན་འཕེལ་བ་སྙིང་རྗེའི་ཉམས་ལྡན་གྱི་རྒྱན། 258
དྲུག་པ་སྐྱུགས་བྲོ་འཕེལ་བ་མི་སྡུག་པའི་ཉམས་ལྡན་གྱི་རྒྱན། 258
བདུན་པ་དགོད་བྲོ་འཕེལ་བ་བཞད་གད་ཀྱི་ཉམས་ལྡན་གྱི་རྒྱན། 259
བརྒྱད་པ་བག་ཚ་འཕེལ་བ་འཇིགས་རུང་གི་ཉམས་ལྡན་གྱི་རྒྱན། 260
ཉེར་གཉིས་པ་གཟི་བརྗིད་ཀྱི་རྒྱན།
དང་པོ་བོན་གྱི་ཡོན་ཏན་དར་བའི་གཟི་བརྗིད་ཀྱི་རྒྱན། 260
གཉིས་པ་སྲིད་ཀྱི་སྟོབས་འབྱོར་དར་བའི་གཟི་བརྗིད་ཀྱི་རྒྱན། 261
ཉེར་གསུམ་པ་ཟོལ་བསྟོད་ཀྱི་རྒྱན།
དང་པོ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད། 262
གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད། 262
གསུམ་པ་སྦྱར་བའི་ཟོལ་བསྟོད། 263
ཉེར་བཞི་པ་རྣམ་གྲངས་བརྗོད་པའི་རྒྱན།
དང་པོ་གཞན་གྱི་དོན་ཕྱིར་རྣམ་པ་གཞན་བརྗོད་པ། 264
གཉིས་པ་རང་དོན་གསང་ཕྱིར་རྣམ་གྲངས་གཞན་བརྗོད་པ། 264
གསུམ་པ་གཞན་བསྐུལ་བཟློག་བྱེད་རྣམ་པ་གཞན་བརྗོད་པ། 265
ཉེར་ལྔ་པ་ཀུན་ཕན་གྱི་རྒྱན།
དང་པོ་བྱུང་བའི་ཀུན་ཕན། 266
གཉིས་པ་བྱས་པ་ཉིད་ཀྱིས་ཀུན་ཕན། 267
ཉེར་དྲུག་པ་རྒྱ་ཆེ་བའི་རྒྱན།
དང་པོ་བསམ་པ་རྒྱ་ཆེ་བ། 267
གཉིས་པ་བློ་གྲོས་ཐབས་ཉིད་རྒྱ་ཆེ་བ། 268
གསུམ་པ་རྣམ་དཔྱོད་ཤེས་རབ་རྒྱ་ཆེ་བ། 269
བཞི་པ་འབྱོར་བ་ཤིན་ཏུ་རྒྱ་ཆེ་བ། 269
ཉེར་བདུན་བསྙོན་དོར་གྱི་རྒྱན།
དང་པོ་བོན་ལ་བསྙོན་དོར་གྱི་རྒྱན། 270
གཉིས་པ་ཡུལ་ལ་བསྙོན་དོར་གྱི་རྒྱན། 271
གསུམ་པ་རང་བཞིན་བསྙོན་དོར་གྱི་རྒྱན། 271
ཉེར་བརྒྱད་པ་ཞེན་ལྡོག་གི་རྒྱན།
དང་པོ་ཡི་ཆད་སྐྱོ་བའི་ཞེན་ལྡོག 272
གཉིས་པ་འགྱོད་པའི་ཞེན་ལྡོག 273
ཉེར་དགུ་པ་མཚུངས་སྦྱོར་གྱི་རྒྱན།
དང་པོ་བསྟོད་པའི་མཚུངས་སྦྱོར། 273
གཉིས་པ་སྨད་པའི་མཚུངས་སྦྱོར། 274
སུམ་ཅུ་པ་སྐབས་མིན་གྱི་རྒྱན།
དང་པོ་བསྟོད་པའི་སྐབས་མིན་གྱི་རྒྱན། 275
གཉིས་པ་སྨད་པའི་སྐབས་མིན་གྱི་རྒྱན། 275
སོ་གཅིག་པ་ངེས་བསྟན་གྱི་རྒྱན།
དང་པོ་མཆོག་གི་ངེས་བསྟན། 276
གཉིས་པ་མཆོག་མིན་གྱི་ངེས་བསྟན། 277
སོ་གཉིས་པ་ལྷན་ཅིག་བརྗོད་པའི་རྒྱན།
དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ། 277
གཉིས་པ་བྱ་བ་ཐ་དད་ལྷན་ཅིག་བརྗོད་པ། 277
གསུམ་པ་བྱ་བ་གཅིག་པ་ལྷན་ཅིག་བརྗོད་པ། 279
སོ་གསུམ་པ་ཡོངས་བརྗེས་ཀྱི་རྒྱན།
དང་པོ་འོས་པའི་ཡོངས་བརྗེས་ཀྱི་རྒྱན། 279
གཉིས་པ་མིང་སོ་བྱེད་པའི་ཡོངས་བརྗེས་ཀྱི་རྒྱན། 280
སོ་བཞི་པ་རབ་སྤེལ་གྱི་རྒྱན།
དང་པོ་གཅིག་ལ་གཅིག་ལྟོས་རབ་སྤེལ་གྱི་རྒྱན། 281
གཉིས་པ་ཐམས་ཅད་སྟོབས་མཚུངས་རབ་སྤེལ་གྱི་རྒྱན། 282
སོ་ལྔ་པ་ཤིས་བརྗོད་ཀྱི་རྒྱན།
དང་པོ་ཐོག་མའི་ཤིས་བརྗོད་ཀྱི་རྒྱན། 282
གཉིས་པ་ཐ་མའི་ཤིས་བརྗོད་ཀྱི་རྒྱན། 283
སོ་དྲུག་པ་དགོངས་པ་ཅན་གྱི་རྒྱན།
དང་པོ་བསྔགས་པའི་དགོངས་པ་ཅན་གྱི་རྒྱན། 284
གཉིས་པ་གསལ་བའི་དགོངས་པ་ཅན་གྱི་རྒྱན། 284
བསྟན་བཅོས་ཡིད་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་ལས་གཉིས་པ་སྒྲ་རྒྱན་བསྟན་པ།
དང་པོ་བྱ་སླ་བར་ཆོད་པའི་ཐོག་མའི་ཟུང་ལྡན། 286
བར་མ་ཆོད་ཐོག་མའི་ཟུང་ལྡན། 292
བར་ཆོད་ཅིང་མ་ཆོད་པའི་ཐོག་མའི་ཟུང་ལྡན། 298
གཉིས་པ་བར་མའི་ཟུང་ལྡན། 303
གསུམ་པ་མཐའ་མའི་ཟུང་ལྡན། 305
བཞི་པ་བར་མཐའི་ཟུང་ལྡན། 306
ལྔ་པ་ཐོག་བར་ཟུང་ལྡན། 307
དྲུག་པ་ཐོག་མཐར་ཟུང་ལྡན། 308
བདུན་པ་གནས་གསུམ་ཟུང་ལྡན། 310
བརྒྱད་པ་མཐའ་ཐོག་སྦྱར་བ། 311
དགུ་པ་རྐང་བཟླས་ཟུང་ལྡན། 312
ཤོ་ལོ་ཀ་ཕྱེད་བཟླས་ཟུང་ལྡན། 316
ཚིག་བཅད་བཟླས་པ་ཟུང་ལྡན། 317
ཀུན་བཟླས་ཟུང་ལྡན་ཆེན་མོ། 318
བཅུ་པ་སྣ་ཚོགས་འདྲེས་པའི་ཟུང་ལྡན། 319
བཅུ་གཅིག་པ་ལྡོག་པའི་ཟུང་ལྡན།
དང་པོ་རྐང་ལྡོག 320
གཉིས་པ་ཤོ་ལོ་ཀའི་ཕྱེད་ལྡོག 320
གསུམ་པ་ཚིག་བཅད་རིལ་པོར་ལྡོག་པ། 321
སྒྲ་རྒྱན་གཉིས་པ་འཁོར་བ་དང་ངེས་པའི་བྱ་དཀའ་བཤད་པ།
དང་པོ་ཕྱེད་ཀྱི་ཡི་གེ་གཟུགས་གཅིག་གིས་བར་ཆོད་པའི་ཕྱེད་འཁོར། 322
གཉིས་པ་གཅིག་ཏུ་བསྐོར་བའི་རྐང་འཁོར། 322
གསུམ་པ་ཚིག་བཅད་ཕྱེད་ཀྱི་ཡི་གེ་བསྐོར་བའི་ཕྱེད་འཁོར། 323
བཞི་པ་ཚིག་བཅད་སྒང་པོ་བསྐོར་བའི་ཚིག་འཁོར། 324
ལྔ་པ་ཀུན་ཏུ་འཁོར་བར་བསྐོར་བའི་ཀུན་འཁོར། 325
དྲུག་པ་ཚིག་གིས་འཁོར་བའི་སྒྲ་འཁོར། 325
གཉིས་པ་ངེས་པའི་བྱ་དཀའ་བཤད་པ།
དང་པོ་དབྱངས་བཞིར་ངེས་པ། 334
དབྱངས་གསུམ་དུ་ངེས་པ། 335
དབྱངས་གཉིས་སུ་ངེས་པ། 335
དབྱངས་གཅིག་ཏུ་ངེས་པ། 336
གཉིས་པ་སྐྱེ་གནས་བཞིར་ངེས་པ། 336
སྐྱེ་གནས་གསུམ་དུ་ངེས་པ། 337
སྐྱེ་གནས་གཉིས་སུ་ངེས་པ། 337
སྐྱེ་གནས་གཅིག་ཏུ་ངེས་པ། 338
གསུམ་པ་གསལ་བྱེད་བཞིར་ངེས་པ། 338
གསལ་བྱེད་གསུམ་དུ་ངེས་པ། 339
གསལ་བྱེད་གཉིས་སུ་ངེས་པ། 339
གསལ་བྱེད་གཅིག་ཏུ་ངེས་པ། 339
བསྟན་བཅོས་ཡིད་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་ལས་གསུམ་པ་གབ་ཚིག་གི་རྒྱན་བཤད་པ།
དང་པོ་ཀུན་ཏུ་ཚོགས་པའི་གབ་ཚིག 341
གཉིས་པ་སླུ་བྱེད་ཀྱི་གབ་ཚིག 341
གསུམ་པ་རིམ་པ་བྲལ་བའི་གབ་ཚིག 342
བཞི་པ་རབ་བཅོམ་གྱི་གབ་ཚིག 342
ལྔ་པ་མཐུན་གཟུགས་ཀྱི་གབ་ཚིག 342
དྲུག་པ་རྩུབ་མོའི་གབ་ཚིག 343
བདུན་པ་གྲངས་ཀྱི་གབ་ཚིག 343
བརྒྱད་པ་རབ་བརྟགས་ཀྱི་གབ་ཚིག 343
དགུ་པ་མིང་འདུས་ཀྱི་གབ་ཚིག 344
བཅུ་པ་སྒྲིབ་པའི་གབ་ཚིག 344
བཅུ་གཅིག་མཐུན་སྒྲའི་གབ་ཚིག 344
བཅུ་གཉིས་རྨོངས་པ་ཅན་གྱི་གབ་ཚིག 345
བཅུ་གསུམ་ཡོངས་སུ་འཕྲོག་པའི་གབ་ཚིག 345
བཅུ་བཞི་གཅིག་སྒྲིབ་ཀྱི་གབ་ཚིག 345
བཅོ་ལྔ་གཉིས་ཀ་སྒྲིབ་པའི་གབ་ཚིག 346
བཅུ་བདུན་ཡོངས་སུ་འདྲེས་པའི་གབ་ཚིག 346
བཞི་པ་སྙན་ངག་གི་སྐྱོན་བཅུ་དང་དེའི་དམིགས་བསལ་སྐྱོན་སེལ་བཅས་རྣམ་པར་ཕྱེས་ཏེ་བསྟན་པ། 347
མཇུག་བསྡུས་སྨོན་ཚིག 358
ཕྱི་ནང་གསང་གསུམ་གྱི་བརྒྱུད་པའི་བླ་མའི་གསོལ་འདེབས། 369
དབྱིངས་ཀྱི་ཡུམ་ཆེན་ས་ཏྲིག་ཨེར་སངས་ལ་བསྟོད་པ། 387
རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་བསྟོད་པ། 393
རྒྱལ་ཡུམ་ཀུན་གསལ་ཤེས་རབ་བྱམས་མ་ལ་བསྟོད་པ། 399
གཤེན་རབ་རྣམ་པར་རྒྱལ་བ་ལ་བསྟོད་པ། 405
བདེར་གཤེགས་ཀུན་སྣང་ཁྱབ་པ་ལ་བསྟོད་པ། 411
གསང་ཆེན་གསང་མཆོག་མཐར་ཐུག་རྒྱལ་པོ་ལ་བསྟོད་པ། 417
ཁྲོ་རྒྱལ་གསས་མཆོག་གསང་བ་དབྱིངས་རོལ་ལ་བསྟོད་པ། 423
ཡི་དམ་ཆེ་མཆོག་དབལ་གསས་རྔམ་པ་ལ་བསྟོད་པ། 429
ཐུགས་རྗེ་གཙོ་མཆོག་ཁྲོ་རྒྱལ་མཁའ་འགྱིང་ལ་བསྟོད་པ། 435
དབལ་ཕུར་ཁྲོ་མཆོག་འབྲུག་གསས་ཆེམ་པ་ལ་བསྟོད་པ། 441
དབལ་ཆེན་མེ་རི་གེ་ཁོད་དབང་རྒྱལ་ལ་བསྟོད་པ། 447
དབྱིངས་ཕྱུག་མཁའ་འགྲོ་ཐུགས་རྗེས་ཀུན་སྒྲོལ་མ་ལ་བསྟོད་པ། 453
བསྟན་སྲུང་མ་མཆོག་སྲིད་པའི་རྒྱལ་མོ་ལ་བསྟོད་པ། 459
མཚོ་མ་པང་གི་གནས་བསྟོད། 465
ཁྱུང་ལུང་དངུལ་མཁར་གྱི་གནས་བསྟོད། 468
ཡུལ་པྲེ་ཏ་པུ་རིའི་གནས་བསྟོད། 472
སྨན་རིའི་ཁྲི་འཛིན་སོ་གཉིས་པ་མཆོག་གི་སྐུ་གདུང་དཀར་ཆག 476
བཀའ་དྲིན་ཆེ་ཞུ། 483