སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་ཚོམས་གཉིས་པ་འགྲེམ་སྤེལ་གནང་འདུག
[ཟླ་ཚེས། 2013-11-18 16:40:51][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་བསྡུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ བལ་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་རྩེ་དང་ཁྱུང་བོ་ཀོ་རྒྱལ་དགོན་གཉིས་ཀྱིས་བསྒྲིགས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་ཕྲེང་བཅུ་གཉིས་པ་ནས་ཉེར་གཅིག་བར་གྱི་དེབ་རྣམས་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་གནང་འདུག
དེབ་ཕྲེང་བཅུ་གཉིས་པ་ནས་ཉེར་གཅིག་བར།
སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་དང་པོ་ནས་ཉེར་གཅིག་བར།
12 རྫོགས་པ་ཆེན་པོ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་གཞུང་ཆ་ལག་དང་བཅས་པ།
བརྗོད་དོན་གཙོ་བོ། བོན་ལུགས་ཀྱི་རྫོགས་ཆེན་སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་སྐོར་གཏམ་རྒྱུད་དང་བཅས་པ་ཆ་ཚང་བ་ཞིག་ཡིན།
13-14 རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ།
བརྗོད་དོན་གཙོ་བོ། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་གནད་ཐོག་ཏུ་སྟོན་པའི་གདམས་ངག
15 མ་ཏྲི་རིན་ཆེན་སྒྲོན་མའི་གཞུང་དང་ཆ་ལག
བརྗོད་དོན་གཙོ་བོ། ཐེག་པ་རིམ་དགུའི་ནང་ཚན་གྱི་ཐེག་པ་བདུན་པ་ཡེ་གཤེན་པའི་གཞུང་ཡིན་ལ། འདི་གསང་བ་སྔགས་ཀྱི་ཉམས་ལེན་དང་ལས་ཚོགས་ཡིན།
16-17 མཛོད་ལྷ་འགྲེལ།
བརྗོད་དོན་གཙོ་བོ། ཕྱི་སྲིད་པ་སྣོད་ཀྱི་ཆགས་ཚུལ། ནང་འགྲོ་བ་རིགས་དྲུག་གྲོལ་ཚུལ། དེ་དག་གི་ཆགས་ཚད། ཚེ་ཚད། སངས་རྒྱས་ཀྱིས་འགྲོ་བའི་དོན་མཛད་ཚུལ་སོགས། འདི་བོན་ལུགས་ཀྱི་མཛོད་འགྲེལ་རྙིང་ཤོས་ཡིན།
18 ཀུན་བཟང་མཉམ་ཉིད་ཀྱི་རྒྱུད་སོགས་སྔགས་རྫོགས་ཀྱི་རྒྱུད་སྡེ།
བརྗོད་དོན་གཙོ་བོ། ཐེག་པ་ཆེན་པོ་གསང་བ་སྔགས་དང་རྫོགས་ཆེན་གཉིས་ཀྱི་ཉམས་ལེན་གྱི་ངོ་བོ་དང་། ཉམས་སུ་ལེན་སྐབས་གགས་དང་གོ་ས་གང་ཡོད་ངོས་འཛིན་གསལ་པོར་གནང་ཡོད།
19 གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད།
བརྗོད་དོན་གཙོ་བོ། ཕྱི་ཡི་སྣོད་དང་། ནང་གི་བཅུད། ཕྱི་འདུལ་བ་མདོ་དང་། ནང་གསང་བ་སྔགས། ཡང་གསང་རྫོགས་པ་ཆེན་པོ་གསུམ་གྱི་ལྟ་སྤྱོད་བསྟན་ཡོད་ལ། ལྷག་པར་བོན་ལུགས་འདུལ་བའི་ན་བཟའ་དང་སྤྱོད་ཚུལ་ཤིན་ཏུ་གསལ་བར་བསྟན་ཡོད།
20 གསང་ཐུས་ཐིག་ལེའི་བཀོད་པ།
བརྗོད་དོན་གཙོ་བོ། གསང་སྔགས་ཐེག་པ་ཆེན་པོའི་ལྟ་སྤྱོད་སྒོམ་གསུམ་གཙོ་བོར་བསྟན་ཞིང་། སྔགས་ཀྱི་ལས་ཚོགས་དུའང་བསྟན་ཡོད།
21 དྲན་པ་གསེར་གདམས།
བརྗོད་དོན་གཙོ་བོ། སྔོན་བྱོན་རིག་འཛིན་རྣམས་ཀྱིས་དགོངས་པའི་མཐིལ། ཉམས་རྟོགས་ཀྱི་བྱིན་རླབས། རྗེས་འཇུག་འགྲོ་ལ་གདམས་པའི་གསང་སྔགས་ཀྱི་བརྗོད་དོན་གཙོ་བོར་བྱས་ཡོད།
དེབ་ཕྲེང་དང་པོ་ནས་བཅུ་གཅིག་བར།