ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་གྱི་གསུང་འབུམ་པར་དུ་བསྐྲུན་པ།

[ཟླ་ཚེས། 2013-07-09 19:16:27][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་གཉིས་པ་༧ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་གྱི་གསུང་འབུམ་པར་དུ་བསྐྲུན་པ།
8.jpg
མདུན་ངོས།
04.jpg
༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་ལྷན།
05.jpg
༧ སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་ལྷན།
དགེ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་གནང་སྟེ་དགེ་བཤེས་ལྷ་རམས་ཨང་གཉིས་པའི་མཚན་རྟགས་བཞེས་པའི་ལག་ཁྱེར།
03.jpg
རྒྱབ་ངོས།
མདུན་ངོས།-1.jpg
ནང་ཤོག་དང་བོ།
དགེ་བཤེས་ལགས་ཀྱི་མཛད་རྣམ།-12.jpg
རྩོམ་སྒྲིག་ཚོགས་པ།

རྩོམ་སྒྲིག་གསལ་བཤད།

   དེ་ཡང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་གཉིས་པ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་ནི་མདོ་སྨད་ཤར་གཉན་དུང་རི་དཀར་པོའི་ཉེ་འདབས་བོན་གྱི་འདུས་སྡེ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་ལྷ་སྡེ་རིན་སྤུངས་ཆུ་མདོ་ཚང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཏེ་རང་དགོན་གཙོས་པའི་རིས་མེད་ཀྱི་གྲྭ་ས་གང་མང་ལ་འགྲིམས་ཏེ་མཁས་པའི་བློ་གྲོས་ཀྱི་མཁྱེན་རྩལ་རྫོགས་ཏེ་སླར་རང་ཡུལ་ལ་ཕེབས་ཏེ༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་གཉིས་པ་བཞེས་པ་སོགས་ཀྱི་མཛད་རྣམ་གཞན་དུ་གསལ་ལ། ལྷ་རམས་པ་ཁོང་གི་གསུང་འབུམ་ལ་ཡང་《རྟེན་འབྲེལ་གྱི་རྣམ་བཞག》 《བསམ་གཟུགས་ཀྱི་རྣམ་བཞག》
《དགེ་འདུན་ཉི་ཤུའི་རྣམ་བཞག》 《བློ་རིག་གི་རྣམ་བཞག》ལ་སོགས་ཡོད་ལ།
༧ བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས་ཀྱི་བཀའ་དགོངས་བཞིན་གསུང་འབུམ་འདི་ཉིད་ཕྱོགས་བསྒྲིགས་བྱས་པ་ཡིན་ལ།
པར་སྒྲིག་གི་སྐབས་སུའང་ཞང་བོད་ཤེས་རིག་ཚོགས་པའི་ཚོགས་གཙོ་སྣང་མཐའ་བསྟན་འཛིན་ཉི་མ་ལགས་ནས་པར་རྩའི་མ་ཕྱི་མཁོ་འདོན་གནང་བ་དང་། དམུ་ར་བསྟན་འཛིན་ཡེ་ཤེས་དང་། ངག་དབང་བློ་གྲོས། རྒྱལ་མོ་ཤེས་རབ། བསོད་ནམས་དར་རྒྱས་བཅས་ནས་ཞུས་དག་ཐེངས་འགའ་ཞིག་དང་དཀར་ཆག་བསྒྲིགས་གནང་བ། གཞན་དགེ་བཤེས་བདེ་ལེགས་ཀུན་འབྱུང་ལགས་ནས་ཞུས་དག་གནང་བ་ལ་སོགས་ཏེ་གང་ལྟར་ལྷ་རམས་པ་ཁོང་གི་གསུང་འབུམ་པར་སྐྲུན་གྱི་ཐད་ལ་དངོས་བརྒྱུད་གང་ཐད་ལ་རོགས་རམ་དང་རྒྱབ་སྐྱོར་སོགས་གནང་མཁན་དག་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་ལགས།
དེ་ལྟར་དཔོན་སློབ་ལྷ་རམས་པ་ཁོང་གི་གསུང་འབུམ་སྒྲིག་སྐབས་སུའང་རྩོམ་སྒྲིག་དང་ཞུས་དག་སོགས་ཀྱི་ཐད་ལ་མ་འདང་ས་དང་ནོར་འཁྲུལ་སོགས་ཀྱི་ཆ་གང་མང་མཆིས་ངེས་པ་རྣམས་སྐྱབས་ཡུལ་རྣམས་ལ་མཐོལ་བཤགས་དང་ལྷ་རམས་པ་མཆོག་གི་ཐུགས་དབྱིངས་སུ་དགོངས་དག་ཞུ་བ་དང་། གཞན་དགེ་བའི་ཆ་གང་མཆིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཞིང་། འགྲོ་བ་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་རྒྱུར་གྱུར་ཅིག་ཞུ་བ་དང་། གཞན་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ༼ཐེངས་དང་བོ་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ༽དང་།༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་གྱི་ཚོགས་འདུ༽༼བོན་དང་འབྲེལ་བའི་དཀའ་གནད་ཐད་ཀྱི་བགྲོ་གླེང་༽ཚོགས་འདུ་བཅས་རྒྱལ་ཁའི་ངང་འགྲུབ་པའི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་བཅས། །
ཞེས་རིན་སྤུངས་ཚུལ་བསྟན་གྱིས་རྒྱ་ཡུལ་སྤོས་ངད་གྲོང་ཁྱེར་དུ༢༠༡༣་༧་༥ཉིན་ལ་བྲིས་པའོ། །
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།