རྒྱ་ཡིག་དཔེ་དེབ《བདེ་སྐྱིད་གང་ན་གནས》ཞེས་པའི་ངོ་སྤྲོད།

[ཟླ་ཚེས། 2013-06-21 00:41:22][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   000.jpg

རྒྱ་ཡིག་དེབ《བདེ་སྐྱིད་གང་ན་གནས》ཞེས་པའི་ངོ་སྤྲོད།

1231.jpg

རྒྱ་ཡིག་དེབ《བདེ་སྐྱིད་གང་ན་གནས》ཞེས་པའི་རྩོམ་པ་པོ་སེང་སྤྲུལ་རིག་འཛིན་ཉི་མ།
ཁོང་གི་རྒྱ་ཡིག་གི་ཟིན་བྲིས་དྲ་གནས། http://blog.sina.com.cn/89sghf

   དེ་ཡང་ཁམས་ཉག་རོང་ཡེ་ཤེས་དགོན་གྱི་མཆོག་སྤྲུལ་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གིས་བརྩམས་གནང་བའི་རྒྱ་ཡིག་གི་དེབ་《བདེ་སྐྱིད་གང་ན་གནས》ཞེས་པའི་དེབ་ཀྱི་ངོ་སྤྲོད།
རྩོམ་ཡིག་གི་ནང་དོན་གྱི་ཐད་ལ་རྩ་བ་སེམས་དེ་བདེ་སྡུག་གི་གཞི་མ་ཡིན་ཚུལ་གྱི་སྐོར་དང་། སྡུག་བསྔལ་གྱི་གཞི་རྩ་འདོད་ཆགས་དང་དགའ་ཞེན་བརྩེ་དུང་སོགས་ཅི་ལྟར་འདོར་ཚུལ་དང་། འཁོར་བ་རྒྱབ་ཏུ་སྐྱུར་བ་དང་། འཁོར་བ་ལ་ཆགས་ཞེན་བྲལ་ཚུལ་སྐོར་གྱི་བལྟ་ཚུལ་དང་། སེམས་ཀྱི་གནས་ཆ་དང་གསལ་ཆ་སྐྱོང་ཚུལ་སྐོར། ཕ་མ་ལ་བཀུར་བསྟི་བྱེད་དགོས་ཚུལ་སྐོར་སོགས་ཡ་རབས་དམ་པའི་སྤྱོད་པ་ལ་འཇུག་ཚུལ་དང་། རང་ཚུགས་སྐྱོང་ཚུལ་དང་། ཤེས་རབ་དང་བདེ་སྐྱིད་གཉིས་མཉམ་འབྲེལ་གྱི་སྒོ་ནས་འཚོ་བ་རོལ་སྟངས་སྐོར་དང་། ཆགས་ཞེན་སྤངས་ནས་བདེ་སྐྱིད་ཀྱི་འབྱུང་གཞི་ཡིན་ཚུལ། མི་ཡི་ཚེ་བསོད་དབང་ཐང་འགྱུར་སྤེལ་བྱེད་ཚུལ། རང་སྐྱོན་བཅོས་ཐབས་སྐོར་དང་། དོན་དངོས་ཚེ་ཐར་གཏོང་ཚུལ་ལ་བརྟག་དཔྱད་དང་། སེམས་ཀྱི་གནད་དང་སྡུག་བསྔལ་བཅོས་ཐབས། ལྟ་བ་སྟོང་ཉིད་སྐོར་ལ་ཉམས་ལེན་བྱེད་ཚུལ། བསམ་གཏན་སེམས་གནས་དགུ་ལ་འཇུག་ཚུལ། བཟང་ངན་སེམས་ལ་རགས་ཚུལ། སངས་རྒྱས་ཆོས་ལ་བཟང་ངན་མེད་ཅིང་འགྲོ་བའི་སེམས་ལ་བཟང་ངན་ཡོད་ཚུལ། ཕྱུག་དབུལ་འབྱུང་བཞིའི་ལས་ཡིན་ཚུལ། མི་རྟག་པའི་དོན་དངོས་ངོ་སྤྲོད་སྐོར། འགྲོ་དྲུག་ཕ་མ་རུ་སྒོམ་དགོས་པའི་རྒྱུ་མཚན་བཅས་བསྟན་ཡོད་པའི་སངས་རྒྱས་ཆོས་ལུགས་སམ་གཡུང་དྲུང་བོན་དང་འབྲེལ་བའི་རྒྱ་ཡིག་དེབ་ཡག་པོ་ཞིག་ཡིན།
མདོར་ན《བདེ་སྐྱིད་གང་ན་གནས》ཞེས་པའི་རྒྱ་ཡིག་གི་དེབ་ནང་ལ། འཇིག་རྟེན་མི་ཆོས། དམ་པའི་ལྷ་ཆོས། དོན་དམ་སངས་རྒྱས་ཀྱི་ཆོས་སམ་ཟབ་མོ་གཡུང་དྲུང་བོན་གྱི་སྐོར་གསལ་བ་བཤད་པའི་ཁྱད་བོན་དུ་མ་དང་ལྡན་པའི་དེབ་ཞིག་ཡིན་འདུག་པ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།