དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱི་དེབ་གསར།

[ཟླ་ཚེས། 2013-05-06 00:08:28][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཉེ་ཆར་དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས་བརྩམས་པའི་དེབ་གསར《ཞི་ལྷག་དང་བསམ་གཟུགས་ཀྱི་ཟིན་རིས་རྣལ་འབྱོར་དགྱེས་པའི་དགའ་ཚལ》པར་དུ་བསྐྲུན་པ།
42342.jpg
མདུན་ངོས་པར་རིས།
243421.jpg
རྩོམ་པ་པོ།
目录-1.jpg
目录-2.jpg
目录-3.jpg
དཀར་ཆག
qwe.jpg
པར་སྒྲིག་ཁང་སོགས།
དཔེ་སྐྲུན་གླེང་བརྗོད།

   དེ་ཡང་མེས་པོ་གོང་མས་བཞག་པའི་ཞང་བོད་ཀྱི་སྤྱི་ནོར་དམ་པ་རྣམ་མཁྱེན་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པའིི་ནང་ཚན། སྤང་ལམ་གཙོ་བོར་བསྟན་པའི་མདོ་ཕར་ཕྱིན་ཐེག་པའི་ཡན་ལག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞི་ལྷག་དང་བསམ་གཟུགས་ཀྱི་རྣམ་གཞག་དག་ལ། ཐོས་བསམ་དོན་གཉེར་གྱི་འདུན་པས་རབ་ཏུ་གདུང་བའི་བཤད་སྒྲུབ་འདུས་སྡེའི་སློབ་པ་གསར་ཞུགས་གཙོས་པའི་གང་ཟག་རྣམས་ཀྱི་དགོས་མཁོ་འམ་གཞུང་ཆེན་ཁག་གསལ་བར་སྟོན་པའི་ཟུར་འདེགས་སོགས་ཀྱི་ཆེད་དང་། སློབ་གཉེར་བ་འགའ་ཞིག་གིས་བཀས་བསྐུལ་བར་བརྟེན། རྣམ་ཀུན་གཞུང་ལུགས་ཀྱི་གནད་ལ་དཀའ་སྤྱད་འབད་བརྩོན་ཁུར་དུ་བཞེས་ཤིང་། རིས་མེད་གྲུབ་མཐའི་གནས་ལ་སྤྱན་དཀྱུས་ཀྱི་ཤེས་རབ་ཡངས་པའི་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་རྣམ་རྒྱལ་མཆོག་གིས། རང་གཞུང་དྲི་མ་མེད་པ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་སོགས་གཞི་བཅོལ། མཁས་དབང་དམ་པའི་བཀའ་ཆབ་བདུད་རྩིའི་ཟེགས་མ་ངོམ་མེད་དུ་རོལ་བའི་ཉེར་ལེན་ནམ། བགྲང་བྱ་དུ་མའི་རིང་རྣམ་དཔྱོད་རིག་པའི་བང་རྩལ་གྱིས་གཞུང་ཆེན་ཁག་ལ་ཡུན་རིང་དཔྱད་པའི་ཉིང་དགོས་བཅས་ལས་གྲུབ་པའི༼ཞི་ལྷག་དང་བསམ་གཟུགས་ཀྱི་ཟིན་རིས་རྣལ་འབྱོར་དགྱེས་པའི་དགའ་ཚལ་༽ཞེས་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཐེངས་འདིར་དེབ་གཟུགས་གྲངས་༡༠༠༠ཐམ་པ་འགྲོ་གྲོན་ཆ་ཚང་། བོད་ལྗོངས་ཞང་ཞུང་གཟི་རིག་ཚོགས་པའི་སྤྱི་ཁྱབ་ལས་འཛིན་པ་བེ་ཅང་ག་ཡུ་ལགས་ཀྱིས་གཏོང་གནང་བར་བརྟེན། དམུ་རྒྱལ་གཤེན་གྱི་བསྟན་པའི་ཉིན་བྱེད་འཛམ་གླིང་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དད་སྦྱིན་ཁོང་ཉིད་ཀྱི་དྲིན་ཆེན་ཕ་མ་གཙོས་མ་གྱུར་འགྲོ་རྣམས་མཐར་ཐུག་གཏན་གྱི་བདེ་འབྲས་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་སྤ་ཚང་གྲྭ་བཙུན་བསམ་གཏན་རྒྱལ་མཚན་གྱིས་སྤྱི་ལོ༢༠༡༣ཟླ་༣་ཚེས་༢ཉིན་རྒྱ་ནག་ཁྲིང་ཏུའུ་སྤོས་ངད་ལྡན་པའི་གྲོང་ཁྱེར་འཕྲལ་དུ་བྲིས་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།