ཨེ་མ་ངེས་དོན་རིག་པའི་རྗེ།

[ཟླ་ཚེས། 2013-04-18 02:05:52][རྩོམ་པ་པོ། གཡུང་དྲུང་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ ཨེ་མ་ངེས་དོན་རིག་པའི་རྗེ།།
ལྔ་སྙིགས་རྒུད་པ་གསོ་བའི་མགོན།།
དགུ་ལྡན་ཡང་ཟབ་གྱེར་གྱི་བསྟན།།
བསྒྲེངས་མཛད་བསྟན་པའི་གཙུག་རྒྱན་ཆེ།།
རྣམ་བཀྲའི་ཟ་འོག་ཆུན་པོའི་འདབ།
སྣ་ཚོགས་བསྒྱུར་བའི་གདུགས་ཆེན་"ཁྲོད།།
དགྱེས་འཛུམ་དྲིན་ཅན་བླ་མ་རྗེས།།
འབྲལ་མེད་བརྩེ་བས་དུས་ཀུན་སྐྱོངས།།
ཁྱེད་གསུང་སྐྱེ་བ་ལྔ་"པའི་དབྱངས།།
སྐལ་ལྡན་གང་གིས་ཐོས་ཙམ་གྱིས།།
ལོག་རྟོག་མྱ་ངན་གཏན་སྤྲུགས་ནས།།
མ་རྟོགས་སྣང་བའི་རྫུན་ཕུག་གཏོོར།།
གྱེར་བསྟན་རྒྱལ་"བའི་མཚན་"མ་ཅན།།
སྲིད་པའི་ཁྱོན་འདིར་བསྒྲེངས་མཛད་པོ།།
ཞིང་འདིའི་སྟོན་མཆོག་སླར་བྱོན་ཀྱང་།།
ཁྱེད་ཀྱི་ཟླ་རུ་འོས་སམ་ཅི།།
ཚིག་སྐམ་མཁན་པོ་ཁྲི་སྟོང་གིས།།
དཀའ་གནད་དགྲོལ་ལ་ཆེས་རྨོངས་ཀྱང་།།
གང་ཁྱོད་ཐུགས་ཀྱི་དཔལ་བེའུ་"ཆེས།།
རིམ་དགུའི་དོན་གྱི་མདུད་བརྒྱ་བཀྲལ།།
ཟབ་གསང་བཅུད་ཀྱིས་ལེགས་གཏམས་པ།།
དྲང་ངེས་བདུད་རྩིའི་སྣོད་བཟང་"དུ།།
མས་འཛེགས་སྤྱོད་པའི་མགུལ་ཆུ་ལ།།
ཡས་ཕུབ་ལྟ་བའི་ཁ་རྒྱན་མཐོ།།
གནས་ལྔ་རིག་པའི་ཆ་ཤས་ཏེ།།
བཟོ་གསོ་བྲི་སོགས་བཀོད་པའི་འཕྲུལ།།
ཕྱག་ཟུང་མར་ཞིའི་ཙ་མོ་"ཡིས།།
བསྐྲུན་ལ་བྷི་ཤོའང་ཧད་དེ་ལུས།།
རིམ་བརྒྱད་མུ་ཁྱུད་བདལ་བའི་དཀྱིལ།།
ཡངས་རྩེའི་ནོར་བུ་འཁྱིལ་བ་ཡི།།
ངེས་དོན་བོན་གྱི་འཁོར་ལོ་"ཆེ།།
གླིང་འདིར་སྐོར་མཛད་སྲིད་པའི་མིག།
དོན་དུ་སྲུང་མཚམས་ལས་འདས་ཀྱང་།།
རྣམ་དག་སྤྱོད་པའི་པདྨོ་"ཆེ།།
རྨ་མེད་ལོ་འདབ་འབུམ་བརྒྱན་པས།།
སྐལ་ལྡན་རྗེས་སུ་འཛིན་ལ་བཙུན།།
༧ གང་གི་ཐུགས་བསྐྱེད་རྒྱ་མཚོ་ལས།།
འགྲོ་བའི་རེ་འདོད་སྐོང་བའི་གཉེན།།
རྩོད་ལྡན་དམུ་ཡི་བསྟན་མཆོག་ཆེ།།
ཡངས་པའི་ཁྱོན་ཀུན་བདལ་བའི་ཕྱིར།།
བཏབ་པ་གཤེན་རབས་འདུས་པའི་སྡེ།།
ལུང་ཟིན་ཤིང་ཀུན་རྟེན་གྱི་ཞོལ།།
ཚང་ཚིང་ནགས་ཀྱི་ལྕུག་ཕྲན་རྩེར།།
བགྲངས་ཡས་འདབས་ཆགས་རྩེ་བའི་གླུ།།
སྣ་ཚོགས་བསྒྱུར་བ་སྙན་པའི་དབྱངས།
ཅི་དགར་འཇོ་བའི་གནས་མཆོག་སྟེ།།
ལུང་གིས་བསྔགས་པའི་གླང་གི་རི།།
གདོང་ལྔ་འགྱིངས་བའི་མཛོད་སྤུ་རུ།།
རྣམ་པར་བཀྲ་བའི་བསྟི་གནས་ཏེ།།
༧ ཁྲི་"གཙུག་རྒྱལ་གྱི་བསླབ་གསུམ་རྐང་།།
བརྟན་"པོར་འཆང་བའི་ལྔ་རིག་ཞིང་།།
ནོར་"འཛིན་སྲིད་པའི་གླིང་ཆེན་གྱི།།
རྩེ་"མོར་བརྗིད་འདི་ཁྱོད་ལས་གང་།།
ལེགས་བྱས་དབྱར་གྱི་རྫ་རྔ་ཆེ།།
ལྡིར་བའི་སྙན་པ་ཆད་མེད་པས།།
ཕབ་པ་བདུད་རྩི་གསོས་ཀྱི་ནོར།།
རྣམ་དཀར་འབྲས་བུས་ཅི་ཡང་ཕྱུག།
འཆད་པ་རིམ་དགུའི་གནམ་རུ་ལ།།
རྩོད་པ་གནམ་ལྕགས་མདེལ་སྟོང་སྤྲད།།
རྩོམ་པ་དཀའ་འགྲེལ་འབེན་ལ་བསྣུན།།
ལོག་རྟོག་ཐེ་ཚོམ་ཐལ་གྱིས་ཕུག།
༧ བརྒྱུད་"ལྡན་སྨྲ་སེང་མི་ཡི་རྗེས།།
གསུམ་"ལྡན་ཡང་ཟབ་སྲད་བུ་རུ།།
དོན་"ལྡན་བཤེས་གཉེན་བསྟར་ལ་བརྒྱུད།
ཟབ་"ལྡན་རིན་ཆེན་ཕྲེང་བའི་རྒྱན།།
སྲོག་ལྡན་སྐྱེ་བོའི་ཚོགས་ལ་བསྩལད།།
ཁྱེད་ཀྱི་ལེགས་བྱས་སྲིད་པའི་དབྱིགས།།
བགྲངས་ལ་འཕགས་རྣམས་ངལ་བས་ན།།
ཐོས་ཆུང་བདག་གིས་ག་ལ་བ།།
འོན་ཏེ་སོར་རྩེའི་ལྷ་རེག་ཏུ།།
ལྷ་མིའི་མཆོད་ཡུལ་གཤེན་གྱི་གནས།།
བཏབ་ནས་བགྲངས་བྱ་ཉེར་ལྔ་ཡི།།
དོན་ལྡན་དགྱེས་པའི་དུས་སྟོན་ལ།།
བཅོས་མིན་དུང་བའི་དགའ་འབོད་དུ།
སྐྱབས་འོག་དྲུང་མུ་ཤེལ་ཞིན་པས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།