ཁྱེད་ཀྱི་མཚན་ལ་གངས་རིའི་ཚིག་མཛོད་འབོད།
[ཟླ་ཚེས། 2020-01-27 07:55:17][རྩོམ་པ་པོ། ཀླུ་གཅིག་དཀར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀླུ་གཅིག་དཀར།
ལྔ་རིག་པད་མོའི་ཚལ་ཆེན་དབུས་ན།།
བཅུད་ཀྱི་དྭངས་མ་རིག་པས་གཞལ་བའི།།
སྨྲ་དབང་བཤེས་གཉེན་ཡོངས་འཛིན་དམ་པ།།
གངས་རིའི་ལྗོངས་ཀྱི་ཚིག་མཛོད་ཆེན་མོ།།
གནའ་དེང་ཤེས་བྱའི་དཀའ་གནད་དབུས་ན།།
སྒམ་བརླིང་ཐུགས་ཀྱི་དཔྱད་སྟོབས་ཡངས་པ།།
མཁྱེན་རྩལ་ཁྱུང་གི་གཤོག་རྡེབ་བར་ནས།།
གཞུང་ལུགས་སྟོང་གི་གནད་བརྒྱ་བརྒལ་ཡོད།།
མཁས་མང་མི་མཐུན་རྩོད་སྒྲ་མཆེད་ས།།
རྒོལ་བ་མི་མཐུན་རིག་པ་བརྡར་ས།།
གདམས་དོན་མན་ངག་ཚད་དུ་འཇོག་པ།།
ཡོངས་འཛིན་ཆེན་མོའི་ཞལ་གསུང་དྲོན་མོ།།
མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ།།
གང་གི་གནད་བརྒྱ་དོན་གྱིས་སེལ་བའི།།
བོན་ཀྱི་གཤེན་རབ་ཚད་མའི་སྐྱེས་བུ།།
སྙིགས་མའི་དུས་ཀྱི་གསང་གསུམ་བདག་པོ།།
ལོ་རྒན་གོ་ལྔའི་ཁྲི་འཕངས་དབུས་ན།།
མ་རིག་བདུད་ཀྱི་ཆོ་འཕྲུལ་བཅོམ་པའི།།
ཤེས་རབ་རིག་པའི་རལ་གྲི་འཆང་མཁན།།
འགྱུར་མེད་གཡུང་དྲུང་ཁྲི་ལ་བཞུགས་རོགས།།
བཅུད་ཀྱི་དྭངས་མ་རིག་པས་གཞལ་བའི།།
སྨྲ་དབང་བཤེས་གཉེན་ཡོངས་འཛིན་དམ་པ།།
གངས་རིའི་ལྗོངས་ཀྱི་ཚིག་མཛོད་ཆེན་མོ།།
གནའ་དེང་ཤེས་བྱའི་དཀའ་གནད་དབུས་ན།།
སྒམ་བརླིང་ཐུགས་ཀྱི་དཔྱད་སྟོབས་ཡངས་པ།།
མཁྱེན་རྩལ་ཁྱུང་གི་གཤོག་རྡེབ་བར་ནས།།
གཞུང་ལུགས་སྟོང་གི་གནད་བརྒྱ་བརྒལ་ཡོད།།
མཁས་མང་མི་མཐུན་རྩོད་སྒྲ་མཆེད་ས།།
རྒོལ་བ་མི་མཐུན་རིག་པ་བརྡར་ས།།
གདམས་དོན་མན་ངག་ཚད་དུ་འཇོག་པ།།
ཡོངས་འཛིན་ཆེན་མོའི་ཞལ་གསུང་དྲོན་མོ།།
མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ།།
གང་གི་གནད་བརྒྱ་དོན་གྱིས་སེལ་བའི།།
བོན་ཀྱི་གཤེན་རབ་ཚད་མའི་སྐྱེས་བུ།།
སྙིགས་མའི་དུས་ཀྱི་གསང་གསུམ་བདག་པོ།།
ལོ་རྒན་གོ་ལྔའི་ཁྲི་འཕངས་དབུས་ན།།
མ་རིག་བདུད་ཀྱི་ཆོ་འཕྲུལ་བཅོམ་པའི།།
ཤེས་རབ་རིག་པའི་རལ་གྲི་འཆང་མཁན།།
འགྱུར་མེད་གཡུང་དྲུང་ཁྲི་ལ་བཞུགས་རོགས།།
༢༠༡༩/༡༡/༣/ཉིན།