སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་སློབ།
[ཟླ་ཚེས། 2014-04-12 10:42:04][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]
སྟོན་པའི་རྒྱལ་པོ་ཚར་གཅིག་གསུང་རྗེས་སུ། ངས་དང་པོ་སྟོན་པའི་རྒྱལ་པོ་འདོན་དགོས་པའི་དགོས་པ་ཡོད། དེ་ད་ག་ཙམ་ཞིག་ང་རང་གི་རང་འདོད་བྱས་པ་མ་རེད། སྟོན་པའི་བསྟོད་པ་རེད། དྲན་པ་ནམ་མཁས་གསུངས་པ་རེད། དེ་མ་གཏོགས་སྤྲུལ་སྐུ་སྤྲུལ་སྐུ་ཟེར་ནས་མང་པོ་ཡོད་རྒྱུ་རེད་དེ། དེ་ཚོ་ངོ་བསྟོད་བྱེད་པ་འདྲ་མོ་ཞིག་ཆགས་འགྲོ་ཤི་འདུག ག་ཟིག་ཞིག་ལ་གཅིག་འདུག མ་ཟིག་ཞིག་ལ་གཉིས་འདུག་ལབ་ནས་དེའི་ལུགས་སྲོལ་ཚང་མ་དེ་འདིར་ཁུར་མ་ཡོང་རོགས། བོན་པོ་ཡིན་དུས་བོན་པོའི་ལུགས་སྲོལ་དགོས་ཀྱི་རེད་མ་གཏོགས་ཚང་མ་རུག་རུག་བྱས་ན་འགྲིག་གི་མ་རེད། ཡིན་ནའང་ཆགས་སྡང་བྱེད་དགོས་ཀྱི་མ་རེད། ཡག་པོ་ད་ཡག་པོ་ཡིན་གྱི་རེད། ཡག་པོ་ཚང་མ་དེ། མི་གཅིག་གིས་བསྒྲུབ་ཐུབ་ཀྱི་མ་རེད། མི་སྐྱ་ཡག་པོ་བྱེད་མཁན་ཡོད་པ་རེད། གྲྭ་པས་དེ་འདྲ་བྱས་ན་ག་རེ་ཆག་གི་རེད། ང་ཚོ་ག་རེ་ཡིན་ན་རང་ཚུགས་ཐུབ་པ་ཞིག་ཡོད་ཐག་ཆོད་རེད། དཔེར་ན་རྒྱལ་བ་མཉམ་མེད་ཆེན་པོ་ལ་ཆ་བཞག་ན་གཞན་ལུགས་སྦྱང་པ་བྱས་པ་རེད། ཤེས་བྱ་ཀུན་རིག་དེ་ཚོ་ལ་བསྟེན་པ་རེད། ཡིན་ན་ཁོང་གི་གསུངས་འདུག དེ་ཚོ་ཁྱེད་རྣམས་པ་ཚང་མས་ཧ་གོ་གི་ཡོད་རྒྱུ་རེད། ལུགས་སྲོལ་མང་པོ་ཡོད་པ་དེ་ཚོ་ཁོང་གི་ཤེས་ཀྱི་ཡོད། དེའི་ནང་ནས་ང་ཚོའི་ལུགས་སྲོལ་དེ་འདི་འདྲ་ཞིག་རེད་གསུང་འདུག དེ་ཚོ་དགོས་པ་ཆེན་པོ་ཡོད་རེད། ང་ཚོ་ལ་མདོ་སྔགས་སེམས་གསུམ་ཡོད་རེད། མདོ་ཡི་དབང་དུ་བྱས་ན་ལུགས་སྲོལ་ཡོད་རེད། གཤེན་ཀླུ་དགའི་དུས་ནས་དགོན་པ་ཟེར་ནས་ཁྲ་ཆགས་ཆགས་ཞིག་ཡོད་ནའང་མི་ཤེས་མེད་ནའང་མི་ཤེས། དཔེ་ཆ་ནི་ཡོད་ཐག་ཆོད་རེད། རྗེས་མ་ཁོང་ནི་སློབ་མ་ཡར་མེ་བ་དང་ཁོང་རྣམ་པས་ཕྱི་དར་གྱི་འདུལ་བའི་སྲོལ་བཏོད་པ་རེད། ང་ཚོའི་བསྟན་པ་ལ་ཉེན་འཕྲང་མང་པོ་ཞིག་ཐུག སྔོན་མ་གྲི་གུམ་བཙན་པོའི་དུས་རེད། དུས་སྐབས་དེར་ཚང་མ་མ་རེད་ཐིག་ཐིག་ཞིག་མ་གཏོགས་སྣུབ་མི་འདུག རྗེས་མར་དུས་རབས་བདུན་པའི་ནང་དང་གཙོ་བོ་བརྒྱད་པའི་ནང་རེད། སྐབས་དེ་དུས་བོད་ཁམས་ཡོངས་རྫོགས་ལ་བོན་གྱི་བསྟན་པ་བསྣུབ་པ་རེད། ཤེས་མཁན་དེ་ཚོས་ཁྱད་གསོད་བྱས་ནས་བསྟན་བཅོས་རྩོམ་པ་དང་། མི་ཤེས་མཁན་དེ་ཚོས་དེ་ཡི་ལད་མོ་བྱས་ཏེ་ཅི་སྡུག་གང་སྡུག་ཞིག་ལབ་ཅིང་། དེ་ནས་ད་བར་དུ་སྲོལ་ངན་རྒྱུན་སྐྱོང་བྱས་འདུག སྤྱི་ཡང་བྱས་ན་བོན་པོ་དེ་ཀླད་པ་འགྱུར་སླ་བ་ཡིན་ས་རེད། ང་ཚོ་བོད་གངས་ཅན་ལྗོངས་ཚང་མ་དེ་དང་པོ་བོན་པོ་རེད། ད་ལྟ་ག་ཚོད་འདུག བསམ་བློ་བཏང་ན་ཧ་གོ་ས་རེད། བན་དེ་བོན་པོ་འགྱུར་ལབ་ཡས་དེ་ཕལ་ཆེར་བརྒྱ་ལ་རེ་འགའ་ཙམ་མ་གཏོགས་མི་སྲིད་པ་ཞིག་རེད་ལབ་ན་འགྲིགས་ས་འདུག བོན་པོ་བན་དེ་འགྱུར་བ་སླ་མོ་ཞེ་དྲག་རེད། བོད་གངས་ཅན་ལྗོངས་དེ་དང་པོ་ཚང་མ་བོན་པོ་རེད་ད་ལྟ་ག་ཚད་ཡོད་པ་ཚང་མས་ཤེས་གསལ་རེད། བོན་པོའི་བསྟན་པ་དེ་བོན་པོ་རང་གིས་འཛིན་དགོས་ཀྱི་འདུག དེ་མིན་ན་གཞན་ཞིག་སླེབས་ཡོང་ནས་བོན་པོའི་བསྟན་པ་མི་འཛིན་བ་ཐག་གིས་ཆོད། ཡིན་ན་ཡང་། འི་རེ་འདྲ་འདུག་མི་རེ་འདྲ་འདུག་ཚང་མ་གཅིག་པ་རེད་ལབ་ན་ཡག་པོ་མི་འདུག འདྲ་ཚད་ཚང་མ་དེ་གཅིག་ཡིན་རྒྱུ་མ་རེད། བུ་མོ་མ་ལ་འདྲ་བ་དང་བུ་ཕ་ལ་འདྲ་བ་མང་པོ་འདུག བུ་མོ་མ་དང་བུ་ཕ་ཡིན་སོང་ན་དཔེ་བསག་གི་མ་རེད་བས། འདུལ་བ་ཀུན་བཏུས་དང་མདོ་བསྡུས་དེ་ཚོའི་ནང་འི་རེའི་ལུགས་སྲོལ་མི་རེའི་ལུགས་སྲོལ་ཟེར་ནས་མང་པོ་འདུག རེད་ཡང་རེད། མང་པོ་ཞིག་ཚུར་བསྡུས་པ་རེད། དངོས་གནས་བྱས་ན་མང་པོ་ཞིག་བསྡུས་དགོས་ས་མ་རེད། འོན་ཀྱང་དུས་སྐབས་དེར་མདོ་དྲི་མེད་གཟི་བརྗིད་མ་མཇལ་བ་རེད། ཁོང་རྣམ་པ་ཐུགས་ཁག་མི་འདུག གཟི་བརྗིད་ནང་དུ་རྒྱས་ཞིང་རྒྱས་པ་འདུག གཞན་ལུགས་ལ་དབྱར་གནས་དང་དགག་དབྱེ་ལ་སོགས་པ་མེད་ན་མི་ལོ་བ་ཟེར་ནས་བཞི་འདྲ་ཞིག་བརྩི་གི་འདུག དེ་ཚོ་ནི་སྔོན་མ་ཅི་ཡོད་ཚོད་མ་རེད། རྗེས་སོར་དགེ་ལུགས་དར་རྗེས་སུ་བྱུང་བ་ཡིན་པ་རེད། ད་ང་ཚོ་ལ་དགོས་ཡས་དེ་དཀའ་ཐུབ་དེ་ཡག་པོ་ཞིག་འཚོགས་རོགས་གྱིས། ད་མདོ་ཡི་དབང་དུ་བྱས་ན་དེ་འདྲ་ཞིག་རེད། སྔགས་ཀྱི་ལུགས་ལ་ཡང་། ཡི་དམ་གསས་མཁར་མཆོག་ལྔ་རེད། དེ་ཚོ་དཀོར་ཟས་དཀོར་ཆུ་ཟ་བྱེད་ཞིག་བསམ་བློ་མ་བཏང་། དགོས་པ་ཆེན་པོ་ཞིག་ཡོད་གྱི་རེད། ཁ་ཡོད་ལག་ཡོད་དེ་ག་རེ་ཡིན་ན་དེ་ཡག་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་ནང་ནས་གདམ་ཀ་མ་བྱེད། རྫོགས་ཆེན་ལུགས་ལ་ཡང་། དབུ་མ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་རྫོགས་པ་ཆེན་པོ་སོགས་གཅིག་རེད་ཟེར་མཁན་ཡོད་གྲགས། བོན་མིན་བན་མིན་དེ་ཚོ་བྱས་ན་ཆོ་མི་འདུག གང་ཡིན་ན་དེའི་ལུགས་སྲོལ་འཛིན་ན་ཡག་པོ་རེད། བོན་པོའི་དགོན་པ་ལ་གནས་ཀྱང་སེམས་བན་དེ་བྱས་ན་བན་དེ་རེད་མ་གཏོགས་བོན་པོ་མ་རེད། བོན་པོ་བན་དེ་ཟེར་ཡས་དེ་སེམས་ཀྱི་ཆ་ནས་གཙོ་བོ་བཤད་དགོས་ཀྱི་རེད། ཕྱི་གཟུགས་པོ་ལ་ཅི་ལྟ་ས་ཡོད་རྒྱུ་མ་རེད། ད་དུང་དགེ་བཤེས་རེད། ཁ་ཤས་གི་འཇའ་ལུས་ཉི་ཤུ་རྩ་བཞི་ཡོད་མེད་ཅི་ཤེས་ཟེར་མཁན་འདུག དེ་ཚོ་གོ་དུས་མིག་ཆུ་ཤོར་དགོས་ཡས་འདྲ་བོ་ཞིག་འདུག མི་ནི་རེད་འདུག ཕ་ནི་འདུག མ་ནི་འདུག ད་དུང་དཀའ་བ་སྤྱད་ས་འདུག དཔང་རྟགས་དེ་ལྟ་བུ་ཡོད་དུས་ད་དུང་ཅི་དགོས་ཀྱི་ཡོད་ཅི་ཤེས། འོ་ད་སེ་དེ་ཚོ་རེད། ཁྱེད་རྣམ་པ་ཚང་མས་དུས་ཚོད་དམ་འཛིན་ཡག་པོ་བྱེད་རོགས། དེ་མ་གཏོགས་དེང་སོང་ཡེངས་ས་ལྟ་ས་མང་པོ་འདུག ཁྱེད་རྣམ་པ་ལག་པ་ནང་ལ་རེ་རེ་ཡོད་རྒྱུ་རེད། ང་རང་ཡིན་ན་དེ་ཚོ་ལ་མ་དགའ་བ་རྩ་བ་ནས་མིན། དགའ་གི་ཡོད། བསམ་བློ་མང་པོ་བཏང་པ་ཡིན། དུས་ཚོད་དེ་གསེར་འདྲ་མོ་ཞིག་རེད། ཉོ་རྒྱུ་དང་གཡར་རྒྱུ་ནི་མི་འདུག གཅིག་ནི་དེ་རེད། གཉིས་ནི་ང་རང་སྔོན་མ་ནས་འདི་འདྲ་བྱེད་བསམ་པའི་དམ་བཅའ་དེ་ཚོ་ལ་ཕྱི་ཤོལ་འགྲོ་ས་རེད་བསམ་ནས་མ་ཁུར་བ་ཡིན། དེ་ཚོ་ལ་ཨི་ཤེས་ཅི་བྱས་པ་མིན། ད་དེ་འདྲ་རེད། སྔོན་མ་ད་བར་དུ་འདིར་སྡུག་པོ་བྱུང་སོང་བསམ་པ་ཞིག་རེད་མ་སོང་། དེ་ཚོ་གོང་ནས་མཁན་སློབ་རྣམ་པ་དང་བར་ནས་ལས་བྱེད་རྣམ་པ་མཐའ་ནས་གྲྭ་མང་རྣམ་པས་ཀྱང་ཕྱར་གྲུ་མཉམ་འདེགས་བྱེད་པའི་བཀའ་དྲིན་རེད། ཐུགས་རྗེ་ཆེ། ད་དེ་ཡིན་། དེང་སོང་བགྲོ་གླེང་ལབ་ན་དྲི་བ་དྲི་རྒྱུ་ཞིག་ཡོད་གྲགས། ད་དྲི་བ་འདྲ་ཡོད་ན་དྲིས་ཤོག དེ་མ་རེད་བས། ༼ འཇུག་ཏུ། ང་སྔོན་མ་དབྱིན་འཇི་ལུང་པ་སོང་དུས། ཆོས་ཚོགས་སྐབས་སུ། མི་ཞིག་གིས་དེ་རིང་ཐུག་སའི་མི་དེ་ཐུག་འདུག་ལབ་ནས་ཤོར་ཡོང་འདུག ཧིའི་ཏྲི་ལའི་དམག་རྟགས་དེ་གཡུང་དྲུང་ཞིག་འོ་ལེ་ཡིན་ས་རེད། དེའི་ཕུག་བཏུག་ས་དེ་ཁྱོད་རེད་ཟེར་གི་འདུག ཁོ་ཚོས་ད་ལྟ་འདིར་ཆོས་ཚོགས་རེད། དེ་ཚོ་མ་བྱེད་ལབ་ནས་མར་ཁྲིད་སོང་། རྗེས་སོར་དོགས་པ་དགོས་ལེའི་འདྲ་ཞིག་ཆགས་སོང་། མདའ་དང་དེ་ཚོའི་ཁ་ནས་སྲོག་ཤོར་ཚར་སོང་བསམ་པ་རེད་བྱུང་། ང་ཕོ་རྒོད་རེད། ག་རྒྱ་ངེད་གཉིས་ང་དཔའ་ཆེ་ཤི་ཡོད་རྒྱུ་རེད། དེ་ཚོ་གོ་ན་ཁམས་པའི་མི་དེ་ཚོ་དགའ་ཤི་ཡོད་འགྲོ། ཨོ་རྩེད་མོ་ལབ་ཡིན། དེ་ཚོ་རེད། ད་རྒད་པོའི་ཁ་གྲོས་ན་རྫོགས་མཐའ་ཡོད་མ་རེད། ཞེས་གསུང་། སྒོ་གསུམ་དག་པ་གསུང་རྗེས་སུ་འཇུག་གྲུབ་སོང་།
སྐད་འཕྲིན་པ་སྙུག་གསར་ལགས་ནས་མཁོ་འདོན་གནང་།