སྨན་རིའི་ཁྲི་འཛིན་༣༣པའི་འཁྲུངས་གཞིས་སུ་སྐུ་གདུང་བཞེངས་པ།

[ཟླ་ཚེས། 2019-09-08 09:12:44][རྩོམ་པ་པོ། དུང་རིའི་སྤྲུལ་སྐུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་འཁྲུངས་གཞིས་མདོ་སྨད་ཤར་ཁོག་ཟིང་ཆུ་རྫོང་སྐྱང་ཚང་ལྗོངས་ལྡོང་ཚང་དུ་༧སྐྱབས་རྗེ་མཆོག་གི་སྐུ་གདུང་གསར་བཞེངས་གནང་བ།
དེ་ཡང་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་རྒྱལ་བ་གཤེན་གྱི་འབྱུང་ལྡན་༣༠༡བོད་ས་མོ་སྦྲུལ་གྱི་ལོ་སྤྱི་ལོ་༡༩༢༩ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་དུ་སྐུ་འཁྲུངས་པ་དང་།
དེ་ནས་༢༠༡༧ཟླ་༩ཚེས་༡༤ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦།༢༥ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཁྱད་དུ་འཕགས་པའི་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཟིགས་གནང་མཛད་པ་དང་།
༢༠༡༧ཟླ་༩ཚེས་༡༧ཉིན་སྐྱབས་རྗེ་མཆོག་གི་འཁྲུངས་གཞིས་ཤར་ཁོག་གི་སྐྱེས་ཆེན་རྣམ་པ་དང་སྐྱབས་རྗེ་མཆོག་གི་དངོས་སློབ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དུ་མ་ཞིག་འཁྲུངས་གཞིས་ལ་ཕེབས་ཏེ་དགོངས་རྫོགས་མཆོད་སྤྲིན་སོགས་ཕུལ་བ་དང་། དེར་ཕེབས་ཀྱི་བླ་སྤྲུལ་དགེ་བཤེས་ཡོངས་ནས་འཁྲུངས་གཞིས་ཚང་ལ་༧སྐྱབས་རྗེ་མཆོག་གི་འཁྲུངས་གཞིས་ལ་༧རིན་པོ་ཆེ་མཆོག་གི་སྐུ་གདུང་དང་སྐུ་འདྲ་བཅས་གསར་བཞེངས་དགོས་པའི་རེ་བཅོལ་གནང་བ་ལྟར།
ད་ཐེངས་༧སྐྱབས་རྗེ་མཆོག་གི་སྐུ་གདུང་གསར་བཞེངས་གནང་བ་དང་མི་འགྱངས་པར་སྐུ་འདྲ་ཡང་གསར་བཞེངས་གནང་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྐུ་གདུང་རིན་པོ་ཆེའི་གཟུངས་རྫོངས་ལ་༧སྐྱབས་རྗེ་རིན་པོ་ཆེའི་རིང་བསྲེལ་དང་གདུང་རུས། གཟུངས་འཇུག་རྒྱས་པ་རིན་ཆེན་སྣ་ཚོགས་སོགས་གཟུངས་གཞུག་ཏུ་ཕུལ་བ་དང་།
བླ་སྤྲུལ་དགེ་བཤེས་ཡོངས་ཀྱིས་མངག་བཅོལ་ལྟར་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་༧སྐྱབས་རྗེ་ཞིང་གཤེགས་མཆོག་གི་དངོས་སློབ་དམ་པ་རྒྱལ་བ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་ཆེད་ཕེབས་གནང་སྟེ་གཟུངས་རྫོངས་རྒྱས་ཕུལ་གནང་མཛད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།