༧གདན་ས་སྨན་རིའི་གླིང་ནས་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན།

[ཟླ་ཚེས། 2019-07-28 11:34:53][རྩོམ་པ་པོ། དཔལ་ལྡན་སྨན་རིའི་གྲྭ་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཉེ་ལམ་ཕྱི་ལོ་༢༠༡༩ཕྱི་ཟླ་༧ ཚེས་༢༤ཉིན་ཞུ་གཡས་མཆོག་སྤྲུལ་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་ཕྲལ་འདི་ག་གདན་ས་༧དཔལ་གཤེན་བསྟན་སྨན་རི་དགོན་གྱི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་འདུས་མང་ཡོངས་ལ་ཐུགས་ཕམ་ཆེན་པོ་བྱུང། དེ་ནི་བོན་བསྟན་སྤྱི་དང་ཁྱད་པར་དུ་རྒྱ་ཤོད་ལྷ་སྡེ་རྣམས་ལ་གྱོང་གུན་ཆེན་པོ་ཞིག་བྱུང་བར་ཅི་ལ་སྨྲོས། དེས་ན་འདི་ནས་ཞིང་གཤེགས་དམ་པ་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་རྗེས་ལུས་རྗེས་འཇུག་རྣམས་ལ་ཐུགས་གསོ་མཚོན་ཕྱིར། གདན་ས་སྨན་རིའི་གྲྭ་ཚང་ནས་དགེ་འདུན་འདུས་པ་རྒྱ་མཚོར་སྨོན་ལམ་མང་ཇ་དང་། དཔལ་རྒྱལ་བ་སྨན་རིའི་བླ་བྲང་ནས་འདུས་མང་ཡོངས་ལ་སྐུ་འགྱེད་སོགས་འབུལ་གནང་མཛད། དེས་ན་ཞིང་གཤེགས་དམ་པས་སྐུ་ཚེ་ཧྲིལ་པོར་བསྟན་དང་འགྲོ་བའི་དོན་དུ་ཐུགས་གཏད་གནང་བར་མ་ཟད། སླར་ཡང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་རྒྱ་ཤོད་བོན་འབངས་སུ་གཏོགས་པ་རྣམས་ཀྱི་སྐྱབས་དང་མགོན་དུ་ཡང་སྤྲུལ་ཉི་གཞོན་མྱུར་དུ་འབྱོན་པའི་སྨོན་ལམ་ཞུ་བཞིན་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།