document.write(""); document.write("
སྤེལ་མཁན། ལྷུན་གྲུབ་ཡེ་ཤེས། ip:182.131.10.*
སྤེལ་དུས། 2016-11-01 20:56:16
གོ་ལའི་རྩེ་ན་འོད་ཀྱི་སྟོབས་འབར་ཤིང་།།
ངུར་སྨིག་ཀློང་དུ་སྤང་རྟོགས་ཚལ་རྒྱས་པའི།།
གཡུང་དྲུང་སེམས་དཔའ་ཀུན་གྱི་རྒྱལ་བ་རྗེ།།
མཁས་བཙུན་སྨན་རི་བ་ཁྱོད་རྟག་བཞུགས་མཛོད།།

གཤེན་རབ་རྒྱས་པའི་ཡུལ་གྱི་མཐུ་འོག་ན།།
ངོ་མཚར་རྣམ་དཔྱོད་འཕགས་པའི་བློ་གྲོས་ཅན།།
འགྲོ་བའི་མགོན་གྱུར་བསྟན་པའི་སྒྲོན་མེ་མཆོག།
བསྐལ་བ་རྫོགས་བར་དུ་གསལ་བར་ཤོག
 
"); document.write("
སྤེལ་མཁན། དགེ་བཤེས་འཇམ་མེ། ip:117.175.195.*
སྤེལ་དུས། 2016-11-01 18:56:49
༧ ཞབས་བརྟན་བསྟོད་ཚིག་ཕུལ་མཁན་ཡོངས་ལ་བཀའ་དྲིན་ཞུ་བ་དང་འབྲེལ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་བཅས་གུས་པ་འཇམ་མེ་ནས།
 
"); document.write("
སྤེལ་མཁན། 匿名 ip:117.136.18.*
སྤེལ་དུས། 2016-11-01 11:18:32
འཛམ་བུའི་འོད་དཀར།།
ལུ༷ང་རྟོ༷གས་ཟབ་མོའི་རྒྱུད་ལུ༷ང་དགོངས་རྟོ༷གས་བརྙེས།།
བསྟ༷ན་པ༷འི་སྙིང་པོ་གཤེན་བསྟ༷ན་འཛིན་པ༷འི་བདག།
ཉི༷་མ༷་ལྟར་ཁྱབ་བརྩེ་བས་སེམ་ཉི༷་མུན།།
མ༷་ལུས་བསལ་མཛད་རྗེ་མཆོག་སྨན་རི་བ།།
ལྟོས་བཅས་གདུལ་བྱའི་དབང་དུ་གྱུར་བ་ཡི།།
དྲང་ངེས་ཐབས་ཀྱིས་གཞལ་བའི་འཕྲིན་ལས་ཉིད།།
ཟླུམ་གཟུགས་སྲིད་པའི་རྩེ་རུ་འཕྱོ་བ་ཡི།།
རྣམ་པར་ཐར་བ་དཔྱོད་པའི་ཞིང་ན་མཛེས།།
   ཞེས་ཞྭ་དཀར་བསྟན་པའི་སྤྱི་རྗེ་སྨན་རི་བ་མཆོག་སྐུ་ཚེ་བརྟན་
བཞུགས་ཀྱི་མཆོད་ཚོགས་འབུལ་བའི་ཉིན་མོར་ཀོ་རྒྱལ་དགོན་ནས་
       ཤོ་ཁྲི་རྒྱལ་གྱིས་ཕུལ།།
 
"); document.write("");