document.write(""); document.write("
སྤེལ་མཁན། བོན་བྲག་རི། ip:73.142.118.*
སྤེལ་དུས། 2016-03-31 12:35:05
ད་ཡོད་བོན་གྱི་དཔེ་རྙིང་ནང་ཡོད་པའི་ཞང་ཞུང་སྐད་དང་བོད་ཀྱི་བརྡ་སྐད་རྙིང་པ་རྣམས་འདི་ལྟར་ཕྱོགས་བསྒྲིགས་གནང་བར་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཡོད། ད་ཕན་བོན་པོ་ཚོས་གནང་དགོས་པའི་ལས་གཞི་རྒྱ་ཆེ་བ་གཅིག་ནི བོད་སྟོད་སྨད་བར་གསུམ་གང་སར་དམངས་ཁྲོད་ཁ་རྒྱུན་དུ་གནས་པའི་ཞང་བོད་བརྡ་རྙིང་ཡོངས་རྫོགས་དེ་ཕྱོགས་བསྒྲིག་གནང་ཐུབ་པ་དགོས་ཀྱི་འདུག ཅིས་ན་སྔོན་བརྡ་སྐད་གསར་བཅད་ཐེངས་ཁ་ཤས་བྱས་པ་དེའི་རྒྱུ་མཚན་ཐུག་ས་གཅིག་ནི། ཞང་ཞུང་དང་བོད་ཀྱི་བརྡ་སྐད་རྙིང་པ་རྣམས་བོན་གྱི་རིག་གནས་དང་འབྲེལ་བ་ཆེན་པོ་ཡོད་པའམ་ཡང་ན་བོན་གྱི་དོན་ཁོ་ན་སྟོན་པར་བྱེད་པའི་མིང་བརྡར་གྱུར་བས་ན་གང་ཐུབ་བཀག་འགོག་བྱས་པ་ཡིན་ས་རེད། གང་ལྟར་སྔོན་གྱི་ཞང་བོད་བརྡ་རྙིང་རྣམས་དགོས་མཁོ་ཡོད་མཁན་དེ་བོན་པོ་ཁོ་ན་ཡིན་པ་ལ་རྒྱུ་མཚན་ཆེན་པོ་ཞེ་དྲགས་འདུག །
 
"); document.write("");