document.write(""); document.write("
སྤེལ་མཁན། ཁ་བའི་སྲས་པོ། ip:182.148.111.*
སྤེལ་དུས། 2013-10-03 01:17:13
དོན་གྱིས་སྟོང་བའི་རྩོམ་ཡིག་ཇི་ཙམ་སྤེལ་རུང་དོན་དག་མེད།     བརྗོད་དོན་ཟབ་པས་ཚིག་གཅིག་མ་གཏོགས་མེད་ན་རིན་ཐང་ལྡན།      དོན་ངོ་མ་མང་ཉུང་མ་རེད།     གཙོ་བོ་སྤུས་ཚད་ཡིན་པས་མུ་ནས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུ།
 
"); document.write("
སྤེལ་མཁན། 匿名 ip:125.67.120.*
སྤེལ་དུས། 2013-08-03 20:58:25
ཁོར་ཡུལ་དང་བསྡུར་ན་འདི་ལྟ་བུའི་ཚགས་པ་རེ་དཀོན་རུང་།  ད་སོ་མར་བུད་པར་བལྟས་ན་ཞི་ལི་ཆུང་ཆུང་ཞིག་ལང་ཚོ་རྒྱས་བཞིན་པ་འདྲ།     དེང་ཆར་གཙོ་སྒྲུབ་པ་མང་ཆེ་བ་ཞིག་སྙན་པའི་གྲགས་པ་དགུང་སྔོན་འདེགས་ལ་རབ་ཕྱོགས་ཏེ།  དག་ལ་མི་དག་གི་དུས་དེབ་དང་དེབ་ཆུང་རེ་པར་ཞིང་།  དོན་འཆལ་བའི་སྲོག་མེད་པའི་རྩོམ་ཡིག་ཉག་མི་ཉོག་མེ་ཞིག་སྒྲིགས་མཁན་ཉུང་ཉུང་མིན།  འདི་གཙོ་སྒྲུབ་པར་རྣམ་གཉིས་ལ་ཞུ་རྒྱུ།  ཁྱེད་རྣམ་པ་གཉིས་མིང་ཙམ་གྱི་ཆེད་དུ་མིན་པར་ཁོར་ཡུལ་གྱི་བློ་ཉེ་བ་འགའ་རེ་དང་རང་ཉིད་རིག་གནས་ཆུ་ཚད་གོང་མཐོར་བཏོང་བའི་དམིགས་ཡུལ་བཟུང་བ་ནི་ཤིན་དུ་ལེགས།   དམུ་མཐུད་ནས་ཁ་དགེ་བཀྲ་ཤིས་ངང་རྒྱུན་སྐྱོངས་རྒྱུ་གལ་ཆེ།     ཁྱེད་ཀྱི་དགེ་མིང་ནས།།

 
"); document.write("
སྤེལ་མཁན། 匿名 ip:125.67.120.*
སྤེལ་དུས། 2013-08-03 20:57:55
མང་ན་མི་དགོས་པ་མ་ཡིན་པར།  མེད་ན་མི་ཚང་པ་མ་ཡིན།   མདོ་སྨད་དགོན་ཆེན་དགའ་མལ་ནས་འདི་ལྟ་བུའི་བལྟ་བདེའི་གནད་ཚང་བའི་ཚགས་པ་རེ་འགྲིམ་པར་གནང་བ་བཀྲ་ཤིས་བདེ་ལེགས་ཞུ།།    གཙོ་སྒྲིགས་པའི་གྲོགས་པོ་ཚེ་ཐར་ནས་ཕུལ།།
 
"); document.write("
སྤེལ་མཁན། 匿名 ip:125.67.120.*
སྤེལ་དུས། 2013-08-03 20:57:23
སྐྱ་རེངས་གཙོ་སྒྲུབ་པར་རྣམ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ།   ཤར་འཁྱམ་ནས།།
 
"); document.write("
སྤེལ་མཁན། འདྲེ་རྫུན་མ།། ip:106.192.41.*
སྤེལ་དུས། 2013-07-24 17:13:54
བཀྲ་ཤིས་དགེ་བའི་ཉིན་འདིར་ཁྱེད་སྐྱ་རེངས་སྒེག་མོས་གཟི་འབར་གྱི་འོད་སྟོང་བསུས་ཏེ་ངའི་ཟུང་ཆུ་ལས་འཚར་བའི་འདབ་སྟོང་གི་མཛེས་ཞལ་ངོམ་ཆོག ཨེ་མ་ཡ་ཨེ་མ་ངའི་ཕ་ས་ནས་མཆེད་པའི་སྣང་བའི་དང་མ་“སྐྱ་རེངས"ཁྱེད་ནི་མཐོ་སྒང་གི་ཕ་མེས་བཞག་པའི་གནས་ཆེན་པོ་ལྔའི་སྒོ་འབྱེད་ཀྱི་ལྡེ་མིག་ཅིག་ཡིན་ལ་ཤེས་ལྡན་གྱི་བུང་བས་སྙན་འགྱུར་གྱི་དབྱངས་སྙན་གྱེར་སའི་པད་མའི་ལྡང་རའང་ཡིན། ཁྱེད་ནི་མི་ཡུལ་དུ་འཁྱམས་པའི་བུ་ངའི་སེམས་ཁམས་ལ་བདེ་སྐྱིད་ཀྱི་འབྱུང་གཞི་དང་མ་རུ་གྱུར་ཡོད། སྐྱ་རེངས་ལགས། ཁྱེད་ནི་རྒྱང་བཞུད་ཀྱི་བུ་ངའི་མི་འགྱང་མྱུར་དུ་མཇལ་བའི་རེ་བ་གནམ་ཞིག་འགྲུབ།་སླད་ཕྱིར།།  ཁྱེད་རྩོམ་སྒྲིག་ཁང་གི་ལས་མི་ལྷན་རྒྱས་དང་སྒོ་ཀུན་ནས་ཕྱག་གྲུ་མཉམ་འདེད་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་སོ་གྲངས་མེད་ཞུ་ཞུ།།   ཨ་རྫ་རེད་ཧོ།
 
"); document.write("
སྤེལ་མཁན། ཟིང་བློ་ ip:223.179.127.*
སྤེལ་དུས། 2013-07-02 01:17:27
རིག་གཞུང་ཕ་ས་ལྟ་བུ་ཟིང་ཆུའི་མགོ་ཁུག་ནས་མཆེད་པའི་འདི་འདྲའི་སྙན་གཏམ་འཇམ་པོ་སྣ་དབང་བུ་ག་ལ་གཤགས་དུས། ས་མཐའ་ཞིག་གི་དགའ་ཚོར་ཕྱི་རུ་ཤར་ཏེ་བསྟོད་ཚིག་དབྱངས་རྟའི་ཁ་ལོ་ཡང་ཁྱེད་ཕྱོགས་སུ་དབང་མེད་ཤོར་ཐལ། མིང་དོན་མཚོན་པའི་རིག་གནས་གླེང་ཀ་ཁྱེད་ནི་ཚེ་སྲོག་སྨྱུ་གུ་དང་པོ་བཞད་འགོ་རང་བརྩམ་འདུག ཧ་ཀྱང་གི་བསྐལ་བཟང་རེད་ལ། དགའ་བ་ཡང་རྒྱས་སོང་ལགས། ཁྱེད་ལ་མུ་མཐར་སྐྱོད་པའི་རེ་བ་ཡོད། ཁྱེད་ལ་མི་རིགས་གསོ་བའི་བྱིན་རླབས་ཡོད། ཁྱེད་ལ་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཡོད། ཁྱེད་ལ་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཡོད། ཡོད་ཚད་ཁྱེད་ལ་ལྡན་པའི་དུས་རབས་ཀྱི་ཚོང་དཔོན་ཆེན་པོ་ཁྱེད་ཡིན། ཨ་ཧོ་སྐྱ་རེངས་ལགས། ཚེ་རིང་།
 
"); document.write("
སྤེལ་མཁན། གཤེན་ཚེ་ཚང་། ip:80.134.124.*
སྤེལ་དུས། 2013-07-01 00:35:50
མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི༼  གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽གི་སློབ་གཉེར་བ་ཤར་པ་བསོད་བརྟན་དང་ཨ་གཙུག་གཉིས་ཀྱིས་ཁ་བ་གངས་ཅན་པའི་ཤེས་རིག་སྤྱི་དང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ་མི་མཉམ་རྒྱུད་འཛིན་ཆེད་ཕྱག་ལས་དེ་ལྟར་གནང་བར་སྒོ་གང་ནས་བྱ་བ་ལམ་ལྷོངས་ཡོང་བའི་རྟེན་འབྲེལ་དང་ཐུགས་རྗེ་ཆེ་ཞུ།།
 
"); document.write("");