document.write(""); document.write("
སྤེལ་མཁན། རྟོགས་ལྡན་བསྟན་གོ ip:43.243.16.*
སྤེལ་དུས། 2016-03-31 12:02:56
ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ནི་ངོ་མ་རྒྱལ་སྤྱིའི་ཐོག་མཁས་པ་ཆེན་པོ་དང་གཟུར་གནས་ཆེན་པོ་ཡིན་ཞིང་རང་མི་རིགས་ཀྱི་ཆོས་སྲིད་རིག་གནས་ལ་ལྷག་བསམ་དུང་ལྟར་དཀར་བ་ཞིག་ཀྱང་ཡིན་འདུག  ཁོང་གི་ལོ་རྒྱུས་གསུང་འབུམ་སྐོར་ནི་མཁས་པ་ཆེན་པོའི་གསུང་སྟེ་མཐོང་ཐོས་མྱོང་གསུམ་རྒྱ་ཆེན་བརྒྱུད་དེ་ཐོན་པའི་རིན་ཐང་གཞལ་མེད་ཀྱི་ནོར་བུ་ཞིག་ཡིན་ངེས། ང་ནི་ཁོང་གི་གསུང་འབུམ་དག་ལས་ལོ་རྒྱུས་སྐོར་ལ་ཧ་ཅང་ལྟ་རྒྱུར་དགའ་བོ་ཡོད། རྒྱུ་མཚན་ནི་བལྟས་མ་ཐག་ནས་རིས་ཞེན་གྱི་ཕྱོགས་ཡོངས་སུ་དོར་ཏེ་དངོས་ཡོད་གནས་ཚུལ་ལ་བསྟུན་ཅི་ཐུབ་ཀྱིས་འགྲོ་མཁན་གྱི་བློ་སྤོབས་ཅན་ཞིག་ཏུ་ཡོད་པས་ཡིན། ཁོང་འདྲ་བའི་ཆོས་ལུགས་པ་མང་ཙམ་ཡོད་ན་ང་ཚོ་གངས་ཅན་པའི་ཆོས་སྲིད་རིག་གནས་ལ་སྔར་མེད་ཀྱི་གཟི་འོད་ཅིག་འཕྲོ་བར་ཐེ་ཚོམ་མེད་སྙམ། མཁས་པ་ཁོང་དང་ཁོང་ལྟ་བུ་ལ་ནམ་ཡང་དགའ་ཚོར་ཆེའོ།།
 
"); document.write("");