document.write(""); document.write("
སྤེལ་མཁན། དོན་གྲུབ་ནས་ ip:115.171.46.*
སྤེལ་དུས། 2013-07-18 16:58:22
དགེ་བཤེས་མིང་དོན་མཚུངས་པ་དངོས་གནས་རེད་འདུག།ལག་རྗེས་བཞགས་པ་རེད་།དཔེ་ཡག་པོ་འདུག་ཐུགས་རྗེ་ཆེ།
 
"); document.write("
སྤེལ་མཁན། བསྟན་རྣམ་ནས། ip:113.62.87.*
སྤེལ་དུས། 2013-07-01 20:01:37
རྒན་ལགས་ཀྱིས་བརྩམས་གནང་བའི་དཔེ་དེབ་ལེགས་གྲུབ་བྱུང་བར་དགའ་བསུ་དང་ཆབས་ཅིག་འདིར་ཕྱོགས་སུ་མྱུར་འབྱོར་ཡོང་བའི་ཐུགས་བསྐྱེད་ཀྱང་ཡོད་པར་མཁྱེན།
 
"); document.write("
སྤེལ་མཁན། གཡམ་དྲང་སྲོང་ ip:124.31.188.*
སྤེལ་དུས། 2013-06-30 16:17:28
དེ་བཞིན་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ལེགས་གསོལ་དང་མཛད་ཕྲིན་གོང་འཕེལ་སོགས་ཀྱི་འདུན་པ་ནམ་ཡང་ཞུ།
 
"); document.write("
སྤེལ་མཁན། 匿名 ip:221.176.65.*
སྤེལ་དུས། 2013-06-29 21:36:40
དབྲ་ཁྱུང་ལགས་ཀྱིས་བརྩམས་གནང་བའི་སྙན་ངག་གི་འགྲེལ་པ་ཨེར་སངས་ལྷ་མོའི་མགུལ་རྒྱན་སྤེལ་བ་བཀྲ་ཤིས་བདེ་ལེགས་ཞུ་༼རྨུ་ར་རྒོད་ནས་
 
"); document.write("
སྤེལ་མཁན། ཟིང་བློ་ ip:106.192.23.*
སྤེལ་དུས། 2013-06-27 23:06:54
རང་ཅག་ཁ་བའི་ལྗོངས་སུ་མི་རིགས་རང་གི་ནང་གི་སེམས་ཁམས་དང་། ཕྱི་ཁོར་ཡུག་གི་ཁམས་སོགས་ལ་ལྟོས་ནས་ཤེས་བྱ་རིག་གནས་ཕུན་སུམ་ཚོགས་པ་ཞིག་དར་འཕེལ་བྱུང་བ། དེང་དུས་གཟུར་གནས་པ་དག་གིས་ངོས་འཛིན་གནང་དང་གནང་མུས་རེད། འོན་ཀྱང་། ང་རང་ཚོས་ང་ཚོ་ལ་རིག་གནས་གཅིག་ཡོད་གཉིས་ཡོད་ཟེར་ནས་ཁ་ཕོད་གཏམ་ཁོ་ན་ལ་རེ་སྡད་ན་དུས་ནམ་ཡང་བདེན་མཐར་ཉི་མ་ཤར་བའི་སྐབས་སྐོར་ཐག་རིང་རེད། དེ་བཞིན་མིན་པ་ཚན་རིག་རིག་རྩལ་དང་མ་འབྲལ་བ་ལོ་རྒྱུས་བདེན་དཔུང་མཛད་ས་ཏུན་ཧོང་ཡིག་རྙིང་དང་གནའ་བོའི་རྡོ་རིང་སོགས་གནའ་རྫས་དང་དུས་རབས་ལོ་ཚིགས་རིམ་པས་དབྱེར་ཞིབ་གནང་ན་ཚད་མཐོ་འགྲོ་ངེས་ཡིན། དེ་མིན་ངས་སྐད་ཆ་བཤད་བ་ནང་བཞིན་ཐ་སྙད་ཚིག་གིས་རྒྱལ་ཁམས་གང་བ་ཞིག་བཤད་ན་ནམ་ཡང་རང་གཞན་ཀུན་ལ་ཕན་ཐོགས་རི་བང་མགོ་ཡི་གཡུ་མདངས་ཅན་གྱི་རྭ་ལྟ་བུ་ཆགས་པར་སོམ་ཉི་བྲལ། སྤྱི་བཏང་ང་ཚོ་ལན་འགན་ཞིག་ལ་བོན་པོའི་གཞུང་ལུགས་རིག་གནས་གང་ཅི་ཐད་ཚིག་རེ་རེའི་གོ་དོན་དང་ཐ་སྙད་སྦྱར་ཚུལ་སོགས་ལ་ཧ་ཅུང་གི་བཟོ་བཟོ་གནང་དགོས་ཡེ་དེ་གལ་ཆེན་ཞིག་མཐོང་གི་ཡོད། གང་ཞེ་ན། དེང་དུས་བན་བོན་སྤྱི་ཚོའམ་དུས་རབས་གསར་པ་འདིའི་ནང་ལ་རིག་གནས་ལོ་རྒྱུས་དང་ཚིག་མཛོད་སོགས་ཀྱི་དཔེ་དེབ་མང་པོ་གཅིག་རྗེས་གཉིས་མཐུད་ལྟ་བུ་སྐྲུན་དང་སྐྲུན་མུས་རེད། དེ་དག་ནང་ལ་རྒྱབ་ལྗོངས་ཀྱི་གནས་བབས་དང་དངོས་ཡོད་གནས་ཚུལ་གྱི་ལོ་རྒྱུས་མ་གཞིགས་ནས། གང་འདོད་ཐོག་ནས་བྲིས་གནང་མཛད་པ་མང་པོ་མཐོང་རྒྱུ་འདུག དེ་ལྟར་གྱུར་ན་ནམ་ཞིག་ཚེ་ནས་གང་ལ་ཐུག་མེད་ཧ་གོ་གི་མ་རེད། དེ་དག་ནི་་མི་བུ་ཞིག་གི་བསམ་ཚུལ་ཡིན། སྨྲས་པའི་སྐད་ཆ་འདི་ཚོགས་རྒྱབ་རྒྱུ་ས་ལ་རྒྱབ་ཀྱང་། འཕོག་རྒྱུ་སྣ་ལ་ཕོག་སོང་ན་སུ་དང་སུ་ཡིན་རང་དགོངས་ཞུ་གསོལ།  ཐ་ཚན་མུ་གཙུག་སྨར་རོ།
 
"); document.write("");