document.write(""); document.write("
སྤེལ་མཁན། ཞང་ཞུང་རྒད་པོས། ip:123.151.186.*
སྤེལ་དུས། 2014-03-24 16:37:25
དྲི་བ་དྲི་ལན་གྱི་ཚུལ་དུ་བོན་གྱི་གླེང་སྟེགས་ལེའུ་ཚན་ཞིག་སྔ་ས་ནས་ངེད་ཧི་བོན་དྲ་སྒྲུབ་ལས་མིའི་ཐེངས་ཁ་ཤས་ཞིག་བགྲོ་གླེང་བྱས་ཀྱང་དྲ་ཚིགས་ལས་ཀ་དེ་ལོ་ཟླ་རེ་ཟུང་ཙམ་མིན་པར་དུས་ནས་དུས་བསྟུན་ལས་ཀ་མུ་མཐུད་རྒྱུན་སྐྱོང་གི་ལས་རིམ་འགྲོ་དགོས་དུས་ངེད་དྲ་སྒྲུབ་ལས་མི་ཉུང་བར་བརྟེན་ལས་འགོ་བརྩམས་མ་ཐུབ་པའི་སྐབས་འདིར་བོན་གྱི་དྲིས་ལན་དྲ་མཛོད་ལས་སྒྲུབ་རྣམས་ཀྱིས་དཀའ་བ་དང་ལེན་གྱི་སྒོ་ནས་ད་ལན་དུས་ཁྱད་པར་ཅན་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཀྱི་དུས་འདིར་བོན་གྱི་དྲིས་ལན་དྲ་མཛོད་ཅེས་པ་རྒྱ་ཆེའི་དྲ་གཟིགས་ཡོངས་ཀྱི་སྤྱན་ལམ་དུ་ཤར་གཏོང་གནང་བའི་མཛད་རྗེས་ལ་རྗེས་དུ་ཡི་རངས་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཁྱེད་བོན་གྱི་དྲིས་ལན་དྲ་མཛོད་འགན་འཛིན་རྣམ་པས་ཀྱང་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་དུས་རྒྱུན་དྲ་ལམ་དུ་ཚང་མས་རང་ཁྲིམས་ཐེག་པ་ཁུར་ལེན་གནང་རྒྱུར་བཀའ་དྲིན་ཆེ་ཞུ། འགོ་བ་དགེ་མིང་བསྟན་འབྲུག་པས་ལྷ་ལྡན་ཉི་མའི་གྲོང་ནས་སྤེལ།
 
"); document.write("
སྤེལ་མཁན། རྔ་རྟོགས་གྲོལ་གྱིས། ip:171.216.91.*
སྤེལ་དུས། 2014-03-17 23:50:11
བོན་གྱི་དྲིས་ལན་དྲ་མཛོད་༽ཅེས་པ་སྒོ་འབྱེད་གནང་བ་ལ་ཐོག་མར་རྟེན་འབྲེལ་ཞུ་ཞིང་། དེ་མཚུངས་སུ་བཀའ་དྲིན་ཆེ་ཞེས་ཀྱང་ཞུས་པ་ལགས། ཞར་བྱུང་ཞུ་བ་ལ་༼བོན་གྱི་དྲིས་ལན་དྲ་མཛོད་༽ཀྱིས་བགྲང་བྱ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་བྱུང་རབས་ལྡན་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་གཞི་ལམ་འབྲས་བུའི་དགོངས་པ་གླེང་ངེས་པ་ཡིན་ཕྱིར། ནང་དོན་བོན་རང་ལུགས་ཀྱི་དགོངས་པ་དང་ཅིས་ཀྱང་མཐུན་དགོས་པའི་འབོད་བསྐུལ་ཡང་ཞུས་པ་ལགས།
 
"); document.write("
སྤེལ་མཁན། ཁྱུང་སེར་པས། ip:182.50.66.*
སྤེལ་དུས། 2014-03-15 18:10:38
ཆ་འཕྲིན་གྱི་དུས་རབས་འདིར་ལེགས་ཉེས་ཀྱི་དྲྭ་བ་ཤིན་ཏུ་མང་སྟབས་རེ་རེ་བཞིན་རྒྱ་སྐྱོར་དང་ངོ་རྒོར་ཐུབ་ཐབས་མི་འདུག འོན་ཀྱང་དྲྭ་བ་འདི་སྤྱིར་གཡུང་་དྲུང་བོན་དགོས་སུ་འཆད་ཉན་བྱེད་བཞིན་པའི་བུ་སློབ་ཚོ་ལ་དགོས་ངེས་ཡིན།
 
"); document.write("
སྤེལ་མཁན། ཚེ་བརྟན་གྱིས། ip:221.236.253.*
སྤེལ་དུས། 2014-03-12 10:07:05
བོན་གྱི་རིག་གནས་ནི་ཕུན་སུམ་ཚོགས་ཡིན་པས་ཁྱེད་རྣམས་ཀྱིས་མི་མཐུད་དུ་ངོ་སྤྲོད་བྱེད་དགོས་པ་བཀའ་དྲིན་ཆེ་ཞུ།།
 
"); document.write("
སྤེལ་མཁན། 匿名 ip:220.182.20.*
སྤེལ་དུས། 2014-03-10 15:21:55
]FGIUUI
 
"); document.write("
སྤེལ་མཁན། ཁམས་མེ་ཞགས་ནས། ip:221.176.65.*
སྤེལ་དུས། 2014-03-10 09:45:36
བོན་གྱི་དྲིས་ལན་དྲ་རྒྱ་སྒོ་འབྱེད་གནང་བ་སྙིང་དབུས་ནས་ཐུགས་རྗེ་ཆེ།
 
"); document.write("
སྤེལ་མཁན། སྣང་ཤེས། ip:125.19.79.*
སྤེལ་དུས། 2014-03-09 21:31:17
བཀའ་དྲིན་ཆེ། མ་འོངས་པར་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བའི་རེ་བ་དང་སྨོན་ལམ་ཡོད།
 
"); document.write("
སྤེལ་མཁན། 匿名 ip:113.63.84.*
སྤེལ་དུས། 2014-03-09 17:56:12
ཐུགས་རྗེ་ཆེ།
 
"); document.write("
སྤེལ་མཁན། 匿名 ip:113.62.98.*
སྤེལ་དུས། 2014-03-08 22:31:12
དངོས་གནས་ཡག་པོ་འདུག་་་ཐུགས་རྗེ་ཆེ་ཞུ་། དབྲ་ཁྱུང་པས་
 
"); document.write("
སྤེལ་མཁན། 匿名 ip:221.176.65.*
སྤེལ་དུས། 2014-03-08 13:50:49
༧གྱེར་བསྟན་དོན་དུ་སྨན་པའི་མཛད་འཕྲིན་ཟབ།།
གྱེར་མི་སྤྱི་གནམ་ཡོངས་ལ་སྐལ་བཟང་སྨིན།།
གྱེར་སྤུང་དྲན་གཤེན་ནམ་མཁའི་མཆེད་པོ་བ།།
གྱེར་མི་མཚན་གྱིས་བརྒྱན་པའི་རབས་འབྱམས་ཚོས།།
གྱེར་བསྟན་དབྱངས་སུ་གྱེར་བའི་སྐལ་བཟང་ཐོག།
གྱེར་ལ་ལྷག་བསམ་དཀར་བའི་གྱེར་ཕྲུག་ངས།།
དགའ་བའི་དགོད་སྒྲ་སྐྱིད་པའི་གླུ་སྒྲ་སྒྲོག།།
རྟེན་འབྲེལ་དར་དཀར་བྱེ་བས་བསུ་བར་ཡོད།།
      ཁྱུང་བསོད་བློ་ནས།


 
"); document.write("");