བློན་ཆེན་ག་རྒྱ་འགྲམ་ནག་གི་ལོ་རྒྱུས་དཔེ་དེབ་པར་སྐྲུན་ལེགས་འགྲུབ་བྱུང་བ།

[ཟླ་ཚེས། 2019-01-25 00:03:09][རྩོམ་པ་པོ། ཨ་ཀྲོང་རིན་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1548345943444776.jpg
1548345944121573.jpg

   ད་ལན་འདི་ག་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་སྨན་རིའི་སློབ་གཉེར་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་བརྩམས་གནང་བའི་<<བློན་ཆེན་ག་རྒྱ་འགྲམ་ནག་གི་སྐུ་ཚེའི་ལོ་རྒྱུས་གླེང་བ་>>ཞེས་པའི་དཔེ་དེབ་འདི་ནི་བོད་ཉེ་རབས་ཀྱི་ལོ་རྒྱུས་ཁྲོད་སྐད་གྲགས་ཆེ་བའི་མི་སྣ་ཧོར་ཚོ་བ་སོ་དགུ་ལས་ག་རྒྱ་ཚང་གི་དཔའ་བོ་ག་རྒྱ་འགྲམ་ནག་ཅེས་པ་དངོས་མིང་ལ་དཀོན་མཆོག་རྒྱལ་མཚན་(1907-1944)ཞུ་བའི་ལོ་རྒྱུས་ཇི་བཞིན་ཡིག་ཐོག་ཏུ་བཀོད་པའི་དཔྱད་གཏམ་ལྟ་བུ་ཞིག་རེད།

1548345944112218.jpg1548345944238697.jpg

   ནང་དོན་གྱི་ཐད་ནས་ཀྱང་ས་བཅད་གཙོ་ཁག་ནི་ཐོག་མར་ཨ་མདོ་ག་རྒྱ་ཚང་གི་བྱུང་རབས་དང་འཇོ་འབུ་ཁྲ་དང་གཡུལ་འཛིང་བྱས་ཚུལ།  ཚབ་ཤི་ཨ་རྣམ་དང་འཐབ་སྐོར། འབུམ་རྒྱུད་དཔོན་པོ་བཀྲོངས་སྐོར། དགེ་རྒྱས་རི་བ་དང་འཐབ་སྐོར། བྱང་སྤྱི་ཕ་ལྷས་ལྐོག་གསོད་བྱས་སྐོར་སོགས་བརྗོད་བྱའི་དོན་པོ་རུ་གྲུབ་ཡོད། འབྲི་སྟངས་ཀྱི་ཐད་ནས་ཀྱང་ཞིབ་འཇུག་གི་རིག་ལམ་བེད་སྤྱད་དེ་གོ་ལོ་ཐོས་ལོ་ཙམ་ཡིག་ཐོག་ཏུ་ཕབ་པ་ཙམ་མ་ཡིན་པར་དཔྱད་གཞིའི་ཡིག་ཆ་དང་ངག་རྒྱུན་ཁུངས་བཙུན་དག་གི་དཔེ་ཁུངས་ལུང་ཁུངས་སོགས་ཞིབ་ཕྲར་བཀོད་ནས་ག་རྒྱ་འགྲམ་ནག་གི་མི་ཚེའི་ལོ་རྒྱུས་དང་ཉེ་རབས་ལོ་རྒྱུས་ཁག་ལ་འཁོད་པའི་དྲངས་བདེན་མིན་པ་ཁག་གཅིག་ལ་དགག་བཞག་གིས་ཁུངས་སྐྱེལ་ར་སྤྲོད་ཀྱང་གནང་ཡོད་པའི་ཞིབ་འཇུག་གི་དཔེ་དེབ་ཅིག་ཏུ་འཁུམས།

1548345943138962.jpg1548345943541770.jpg

   མདོར་ན་དངོས་བྱུང་གཏམ་རྒྱུད་འདི་ནི་བོད་རང་གི་གནའ་བོའི་གཞུང་ལུགས་དང་ཁྱད་པར་དུ་གནང་དེང་གི་ལོ་རྒྱུས་རིག་པར་སློབ་གཉེར་དང་ཐུགས་སྣང་གནང་མཁན་བོད་ཕྱི་ནང་ཀུན་ཏུ་བཞུགས་པའི་སློབ་གཉེར་པ་རྣམས་ལ་ཉམས་ཞིབ་ཀྱི་ས་བོན་ ཞིག་ཏུ་དམིགས་ཏེ་འདི་ག་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པ་ཡིན་པས་དེ་ལུགས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་དགྱེས་པའི་དགའ་སྟོན་དུ་འགྱུར་བའི་སྨོན་འདུན་བཅས།

 ༸སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་འགན་འཛིན་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་གིས་ཕྱི་ལོ་ ༢༠༡༩ ཟླ་བ ༠༡ ཚེས་ ༢༠ ལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།